ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཨར་པིན་དུ། ཀྲུང་གོ་རུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཨར་པིན་དུ། ཀྲུང་གོ་རུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཁྲིན་ཏུའུ་ཡི་ལུས་རྩལ་འགྲན་ཚོགས་ཆེན་མོ། ཧང་ཀྲོའུ་ཡི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་སྔ་ཕྱིར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། དོ་དགོང་ཧ་ཨར་པིན་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་བསྡུ་བཞིན་ཡོད། འགྲན་བསྡུར་གལ་ཆེན་འདི་དག་ཚང་མས་ཀྲུང་གོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བར་མཉམ་ལས་དམ་ཟབ་བྱས་ཡོད་པ་མཚོན་ཐུབ། ཨོ་ལིམ་ཕིག་གི་སྙིང་སྟོབས་ནི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམིགས་འབེན་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འདུན་པ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཀྲུང་གོས་ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཏེ། ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་འབད་པས་བསྐྱོད་ནས། རྒྱལ་སྤྱིའི་ལུས་རྩལ་བྱ་གཞག་ལ་རྒྱུན་ཆད་མེད་པར་བྱས་རྗེས་གསར་པ་འཇོག་ངེས་ཡིན། ང་ཚོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ། ཨོ་ལིམ་ཕིག་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

པ་ཧི་ཡིས་ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། ཡར་ཐོན་བཅས་ཀྱི་བྱ་གཞག་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ལ། ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号