ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྐབས་བཅུ་བདུན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི“གཅིག་ཅན་ལྔའི་བཟོ་འགོད”ལ་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཟེངས་བསྟོད་གཏན་འབེབས་པར་འགྲེམས་བྱས་ནས་སྐབས་བཅུ་བདུན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི“གཅིག་ཅན་ལྔའི་བཟོ་འགོད”ཀྱི་རྩ་འཛུགས་ལས་དོན་གྱི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་བརྩམས་ཆོས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས། 《ཆི་པའེ་ཧྲི》སོགས་ཟློས་གར་བརྩམས་ཆོས15དང་། 《ཡུལ་འཁྱམ་གྱི་སའི་གོ་ལ》སོགས་གློག་བརྙན་བརྩམས་ཆོས12། 《མུ་མཐའ་མེད་པའི་སྐོར་གྱི་དྲི་བ》སོགས་བརྙན་འཕྲིན་བརྩམས་ཆོས16། 《ཐའོ་སན་ཡོན་གྱི་དབྱར་དགུན་སྟོན་དཔྱིད》སོགས་དྲ་བའི་རིག་རྩལ་བརྩམས་ཆོས10། 《སྙེ་མའི་བསིལ་གྲིབ་འོག་གི་རྨི་ལམ》སོགས་རླུང་འཕྲིན་ཟློས་གར10། 《ཐེན་ཧྲན་རི་བོའི་གླུ་གཞས》སོགས་གླུ་དབྱངས12། 《ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ》སོགས་དཔེ་དེབ15། 《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཧྥུའུ་ཅན་དུ་གསོ་སྐྱོང་དང་ལག་ལེན་བྱུང་བ》སོགས་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག15བཅས་བསྡོམས་པས་བརྩམས་ཆོས105ལ“ཕུལ་བྱུང་བརྩམས་ཆོས་བྱ་དགའ”གནང་ཞིང་། པེ་ཅིན་དང་ཧོ་པེ། ཧྲན་ཞི། ལེའོ་ཉིང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧུའུ་ནན། ཧྲའན་ཞི། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས15ཡི་ཏང་ཨུའི་དྲིལ་བསྒྲགས་པུའུ་ལ“སྒྲིག་འཛུགས་ལས་དོན་བྱ་དགའ”སྤྲད་པ་རེད།

ཤེས་གསལ་ལྟར་ན། སྐབས་འདིའི“གཅིག་ཅན་ལྔའི་བཟོ་འགོད”ནང་གཙོ་བོ2022ལོའི་ཟླ6པའི་ཚེས1ཉིན་ནས2024ལོའི་ཟླ5པའི་ཚེས31ཉིན་བར་ཐོག་མར་བསྟན་པ་དང་། འཁྲབ་སྟོན། འགོད་པ། དཔེ་སྐྲུན། འགྲེམས་སྤེལ་བཅས་བྱས་པའི་ཕུལ་བྱུང་བརྩམས་ཆོས་ནང་དཔྱད་འདེམས་དང་གཟེངས་བསྟོད་བྱས་ཤིང་། བྱ་དགའ་ཐོབ་པའི་བརྩམས་ཆོས105ནི་དཔྱད་འདེམས་ནང་ཞུགས་མཁན་ཚན་པ་ཁག་གིས་བསྐྱལ་བའི་བརྩམས་ཆོས1068ཁྲོད་ནས་རིམ་པ་བཞིན་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད་ལེགས་འདེམས་བྱས་པ་ཞིག་ཡིན་ལ། དེས་ཉེ་བའི་ལོ་གཉིས་རིང་གི་བསམ་པའི་རིག་གནས་ཐོན་རྫས་གསར་གཏོད་ཀྱི་གཡུར་ཟའི་གྲུབ་འབྲས་གང་ལེགས་སྒོས་མཚོན་ཡོད། དཔྱད་འདེམས་ལས་དོན་གྱིས་དཔྱད་འདེམས་སྒྲིག་སྲོལ་དང་དཔྱད་འདེམས་གོ་རིམ་ནན་མོ་སྲུང་བ་དང་། ཡང་དག་པའི་སྟོན་ཕྱོགས་དང་བརྩམས་ཆོས་ཀྱི་སྤུས་ཚད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། དཔྱད་ཞིབ་ཨུ་ལྷན་དང་མང་ཚོགས་ཀྱི་བསམ་འཆར་ལ་བརྩི་འཇོག་བྱས་ཡོད། དཔྱད་འདེམས་ཀྱི་འབྲས་བུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་ལས་རིགས་ཁག་གི་བསམ་འཆར་ལ་གང་ལེགས་སྒོས་མཉན་པ་དེ་ཐོག་ནས་དཔྱད་འདེམས་ལས་དོན་གྱི་གཞུང་དྲང་དང་ཡོངས་བསྒྲགས། དྲང་གཞག་བཅས་མཚོན་ཡོད་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号