ཞི་ཅིན་ཕིང་གིས2024ལོར“ཀྲུང་གོ་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོར“ཀྲུང་གོ་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་རྒྱུས་ལོན་བྱེད་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ད་ལྟའི་ཀྲུང་གོས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་སྒོས་སྐྲུན་བཞིན་ཡོད་པ་དང་། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་བཞིན་ཡོད་ལ། ཧུར་ཐག་གིས་གསལ་བོ་ཡིན་ལ་བརྟན་པོ་ཡིན་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཁོར་ཡུག་བསྐྲུན་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ན་མི་གྲངས་དུང་ཕྱུར་བཅུ་བཞི་ཡི་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་ཐུབ་ལ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་ཐུབ།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཉེན་ཁ་དང་ཉམས་སད་གསར་པར་འཕྲད་ཡོད་ལ། དུས་མཚུངས་སུ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཡར་ཐོན་གྱི་མདུན་ལམ་གསར་པའང་ལྡན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་པ་དང་། ཧུར་ཐག་གིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལེའུ་གསར་པ་རྩོམ་དགོས།
“ཀྲུང་གོ་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཀྲུང་གོའི་རྒྱལ་ཁབ་གསར་སྐྲུན་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་དང་། ཚེས3ཉིན་ཀོང་ཀྲིག་ཏུ་འགོ་བརྩམས་པ་དང་བརྗོད་དོན་གཙོ་བོ་ནི“བཅོས་སྒྱུར་མཐར་ཕྱིན་པ་བྱེད་དགོས་ཞེས་པ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ”ཞེས་པ་དེ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注