ལིས་ཆང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལིས་དང་གྲོས་མོལ་གནང་།

ཟླ12པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེ་པཱ་ལའི་ཙུང་ལི་ཨའོ་ལིས་དང་གྲོས་མོལ་གནང་།

ཟླ12པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེ་པཱ་ལའི་ཙུང་ལི་ཨའོ་ལིས་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེ་པཱ་ལ་ནི་རི་ཆུ་འབྲེལ་བའི་སྲོལ་རྒྱུན་གྱི་ཁྱིམ་མཚེས་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ70ཙམ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ2019ལོར་ཀྲུང་གོ་དང་ནེ་པཱ་ལ་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དང་དར་སྤེལ་ལ་ཕྱོགས་པའི་དུས་རབས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་ཆེར་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་ལ་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད་འཐབ་ཇུས་ཀྱི་འཆར་འགོད་གསར་པ་འཐེན་རྒྱུ་རེད།   ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་།    ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ།    ཀྲུང་གོ་དང་ནེ་པཱ་ལའི་འབྲེལ་བ་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།    སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ནེ་པཱ་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ།    རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་པ་ཐོབ་པ་བཅས་བྱེད་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ནེ་པཱ་ལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ནེ་པ་ལ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།    སྤུས་ཚད་མཐོ་བས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ།   ཧུར་ཐག་གིས་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ།    འགག་སྒོ་དང་གཞུང་ལམ།    ལྕགས་ལམ།    མཁའ་འགྲུལ།    འཕྲིན་གཏོང་སོགས་སྦྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ནེ་པཱ་ལའི“སྐམ་སའི་བཀག་སྡོམ་གྱི་རྒྱལ་ཁབ”ནས“སྐམ་སའི་འབྲེལ་བའི་རྒྱལ་ཁབ”ཏུ་འགྱུར་ཆེད་སྔར་ལས་ལྷག་པའི་སྒུལ་ཤུགས་སྣོན་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ནེ་པཱ་ལར་དངུལ་གཏོང་ལས་དར་བྱ་རྒྱུར་སྐུལ་ལྕག་བཏང་ནས། ནེ་པཱ་ལའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད།     ཕྱོགས་གཉིས་ཀྱིས་སང་ལོའི་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱ་འགུལ་རབ་དང་རིམ་པ་མཉམ་དུ་ཡག་པོ་སྤེལ་ནས། ཡུལ་སྐོར་དང་སློབ་གསོ།    སྨན་བཅོས་སོགས་མི་གཞུང་བརྗེ་རེས་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།     ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ནེ་པཱ་ལ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད།

ཨའོ་ལིས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ནེ་པཱ་ལ་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་མཛའ་བརྩེའི་འབྲེལ་བ་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་སྟེང་བཙུགས་པ་དང་། ལོ་རྒྱུས་རིང་ཞིང་བརྟན་པ་དེ་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་བར་མཛའ་བརྩེའི་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།     ནེ་པཱ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བ་དང་། སྟོབས་ཤུགས་གང་ཞིག་གིས་ཀྱང་ནེ་པཱ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་དུ་འཇུག་མི་སྲིད། ཐའེ་ཝན་དང་བོད་ལྗོངས་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་འབྲེལ་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད།  ནེ་པཱ་ལ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོར་ནེ་པཱ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡིད་ཆེས་ཆོག་པའི་གྲོགས་པོར་བརྩི་བཞིན་ཡོད། སང་ལོ་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བ་དེ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་།    སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ།    ཕན་ཚུན་འབྲེལ་མཐུད་དང་ཚོང་དོན་དངུལ་གཏོང་།   ནུས་ཁུངས་དང་ཞིང་ལས།    ཡུལ་སྐོར།    སྨན་བཅོས་འཕྲོད་བསྟེན།   མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།    ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བ།    ཕྱོགས་མང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་དཔལ་འབྱོར་ལག་རྩལ་དང་ཚོང་དོན་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པའི་བདེན་དཔང་གནང་།

གྲོས་མོལ་གྱི་སྔོན་དུ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཨའོ་ལིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号