རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི"ཀྲུང་གོར་ཤེས་རྟོགས་བྱེད"ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པར་ཤིས་འཕྲིན་སྤྲིངས་པ།
ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི"ཀྲུང་གོར་ཤེས་རྟོགས་བྱེད"ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)འཚོགས་པར་ཤིས་འཕྲིན་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་ཤེས་རྟོགས་བྱེད་དགོས་ན་སྔར་ལས་ལྷག་པར་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ད་ཆའི་ཀྲུང་གོས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་སྒོས་སྐྲུན་བཞིན་ཡོད་ལ། བརྟན་བརླིང་སྒོས་ལམ་ལུགས་རིང་བཞིན་གྱི་སྒོ་འབྱེད་ཆེ་རུ་གཏོང་བ་དང་། རང་འགུལ་སྒོས་རྒྱལ་སྤྱིའི་ཚད་མཐོའི་དཔལ་འབྱོར་གྱི་ཚོང་དོན་སྒྲིག་སྲོལ་ལ་འབྲེལ་མཐུད་བྱེད་པ། ཧུར་ཐག་སྒོས་ཕྱི་གསལ་ནང་གསལ་དང་བརྟན་བརླིང་། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཁོར་ཡུག་སྐྲུན་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱིས་མི་དམངས་དུང་ཕྱུར14ཡིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་སྐོང་ཐུབ་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་སྔར་ལས་ལེགས་སྐྱེས་གསར་པ་འབུལ་འཆར་ཡོད།
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་ལོ་བརྒྱ་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཉེན་ཁ་དང་ཚོད་བགམ་གསར་པ་འཕྲད་པའི་དུས་མཚུངས་སུ། འཕེལ་རྒྱས་ཀྱི་གོ་སྐབས་དང་ཡར་ཐོན་གྱི་མདུན་ལམ་གསར་པའང་ལྡན་པ་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་མཉམ་སྦྲེལ་སྒོས་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་དང་ཆ་རྐྱེན་སྐྲུན་བཞིན་ཡོད་ལ།ཧུར་ཐག་སྒོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ་ཞི་བའི་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་གྱིས་བསྟན།
"ཀྲུང་གོར་ཤེས་རྟོགས་བྱེད"ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་འདིར་ཀྲུང་གོའི་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོ་མི་དམངས་ཕྱི་འབྲེལ་རིག་གཞུང་ལྷན་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། ཚེས3ཉིན་ཀོང་ཀྲོའུ་རུ་འཚོགས་མགོ་ཚུགས་ཤིང་བརྗོད་དོན་གཙོ་བོ་ནི"བཅོས་སྒྱུར་མཐར་ཕྱིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དམ་འཛིན་བྱེད་དགོས"ཅེས་པ་དེ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注