ཏིན་ཞུའེ་ཞང་འཛམ་གླིང་གི་འགོ་ཁྲིད་པའི་ནམ་ཟླའི་འགུལ་སྐྱོད་ཀྱི་རྩེ་ཚོགས་ལ་ཞུགས་ཏེ་ཤིས་ཚིག་ཕུལ།
ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཨ་སའེ་པེ་ཅང་གི་རྒྱལ་ས་པ་ཁུའུ་རུ་འཛམ་གླིང་གི་འགོ་ཁྲིད་པའི་ནམ་ཟླའི་འགུལ་སྐྱོད་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཨ་སའེ་པེ་ཅང་གི་རྒྱལ་ས་པ་ཁུའུ་རུ་འཛམ་གླིང་གི་འགོ་ཁྲིད་པའི་ནམ་ཟླའི་འགུལ་སྐྱོད་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏིན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སའེ་པེ་ཅང་གིས་འཛམ་གླིང་གི་འགོ་ཁྲིད་པའི་ནམ་ཟླའི་འགུལ་སྐྱོད་ཀྱི་རྩེ་ཚོགས་སྤེལ་བར་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སའེ་པེ་ཅང་དེ་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་འཛམ་གླིང་གི་གནམ་གཤིས་བཅོས་སྐྱོང་ཐད་འབད་པ་ལྷུར་ལེན་དང་བྱས་རྗེས་གང་ལེགས་བཞག་པར་བསྟོད་བསྔགས་ཚད་མེད་བྱེད་བཞིན་པ་ནན་བཤད་བྱས་པར་མ་ཟད། ཚོགས་ཆེན་བདེ་ལེགས་ངང་འགྲུབ་པར་སྨོན་འདུན་ཞུས།
ཏིན་ཞུའེ་ཞང་གིས་བསྟན་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ནུས་ལྡན་ལག་བསྟར་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་རེད། མགོ་རྩོམ་ས་གསར་བའི་སྟེང་། ང་ཚོས་ལག་རྡང་སྦྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོགས་ཚོགས་ཐེངས་ཉེར་དགུ་པས་མི་རྣམས་ཡིད་ཚུམ་པའི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་ཆེན་པོ་སྟོངས་ཟད་དུ་གཏོང་མི་རུང་།
ཏིན་ཞུའེ་ཞང་གིས་བསྟན་དོན། འཛམ་གླིང་གི་གནམ་གཤིས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཐུན་མོང་དང་ཁྱད་ཆོས་ལྡན་པའི་འགན་འཁྲིའི་རྩ་དོན་རྨང་གཞི་རུ་བྱེད་པ་དང་། འཕེལ་རྒྱས་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྤོབས་སེམས་དང་འགུལ་སྐྱོད་སྤེལ་དགོས་ལ། སྔོན་ལ་ཉུང་གཏོང་གི་འོས་འགན་ལག་བསྟར་བྱེད་པ་དང་། ཐཱན་སྙོམ་སྦྱོར་གྱི་དུས་ཚོད་སྔོན་ལ་སྣུར་བར་བརྩོན་དགོས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྱང་ནུས་པའི་ཁྱབ་ཁོངས་སུ་འབད་པ་ཆེན་པོ་བྱེད་དགོས། ནམ་ཟླའི་འགྱུར་ལྡོག་གི་གནད་དོན་ཐག་གཅོད་བྱེད་ན། རྩ་བ་དེ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཕོ་འགྱུར་རྟིང་ཐག་ཆོད་པར་རག་ལས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ། འདྲ་མཉམ་དང་། གོ་རིམ་ཡོད་པ། དྲག་གཞག་བཅས་ཀྱི་སྒོ་ནས་ནུས་ཁུངས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པ། ལྗང་མདོག་ཐོན་རྫས་དང་ལག་རྩལ་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་། སྤུས་གསར་ཐོན་སྐྱེད་ནུས་པ་གསོ་སྐྱོང་དང་ཇེ་མགྱོགས་སུ་གཏོང་དགོས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་ན། མ་དངུལ་དང་ལག་རྩལ་ལ་བརྟེན་པ་གནད་འགག་ཏུ་གྱུར་ཡོད་ཅིང་། འཕེལ་རྒྱས་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་གྱི་རྒྱབ་སྐྱོར་དང་ལག་རྩལ་བརྒྱུད་སྤེལ་བྱེད་ཚད་ཇེ་ཆེར་གཏོང་དགོས། ཐེངས་འདིའི་ཚོགས་ཆེན་ལས་ནུས་ཚད་སྔར་ལས་མཐོ་བའི་མ་དངུལ་དམིགས་འབེན་གསར་བར་གྲོས་འཆམ་བྱུང་ནས། གོ་རིམ་རྗེས་མར་འཛམ་གླིང་ནམ་ཟླའི་འགུལ་སྐྱོད་ལ་ཡིད་ཆེས་དང་འགན་སྲུང་འདོན་སྤྲོད་ཐུབ་པའི་རེ་བ་བཅངས་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྣེ་ཁྲིད་དུ་བྱས་ཏེ། མིའི་རིགས་ཐུན་མོང་ལ་དབང་བའི་སའི་གོ་ལའི་ཁྱིམ་གཞིས་ལ་སྟོབས་གཅིག་སྡུས་ཀྱིས་སྲུང་སྐྱོབ་བྱེད་པ་དང་། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱེད་རྒྱུ་ཡིན།
ཚོགས་ཆེན་གྱི་སྐབས་དེར། ཏིན་ཞུའེ་ཞང་གིས་སོ་སོར་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་། སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ཙུང་ལིས་ཐི་ལོ་ཝ་ཏ། ཀེ་རེན་ན་ཏའི་ཙུང་ལི་མཱིས་ཆེ་ཨར་བཅས་དང་ཡུན་ཐུང་གི་མཛའ་བརྩེའི་གླེང་མོལ་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་ཐུག་འཕྲད་གནང་།
ཏིན་ཞུའེ་ཞང་གིས་ཀུའུ་ཐི་ལའེ་སི་དང་ཐུག་འཕྲད་གནང་སྐབས། ཀྲུང་གོས་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་ལ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་འཛམ་གླིང་གནམ་གཤིས་བཅོས་སྐྱོང་ཁྲོད་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱེད་ཅིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་བ་དང་། རྒྱལ་ཁབ་གཞན་པའི་སྲིད་ཇུས་ལ་འགྱུར་བ་ཇི་འདྲ་ཡོད་ཀྱང་། ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཆོད་སེམས་དང་བྱ་སྤྱོད་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་བློ་དཀར་བརྗེ་རེས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་རྐྱང་རིང་ལུགས་དོར་ནས། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོགས་ཚོགས་ཐེངས་ཉེར་དགུ་པས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། ནམ་ཟླའི་ཕྱོགས་མང་ལས་རིམ་ཐད་དྲང་ཕྱོགས་ཀྱི་སྟོབས་ཤུགས་སྣོན་འདོད་ཡོད།
ཀུའུ་ཐི་ལའེ་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ཐཱན་གཉིས་དམིགས་འབེན་ཐད་འབད་བརྩོན་དང་བྱས་རྗེས་འཇོག་པར་སྐུལ་འདེད་བཏང་བར་ཚད་མཐོའི་གདེང་འཇོག་བྱས་ཡོད། ཀྲུང་གོས་དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་བྱས་ཏེ། ཕྱོགས་མང་རིང་ལུགས་མཉམ་དུ་སྲུང་སྐྱོང་བྱས་ནས། འཛམ་གླིང་ནམ་ཟླའི་འགྱུར་ལྡོག་གི་འགྲན་སློང་ལ་སྔར་ལས་ལེགས་པའི་ཁ་གཏད་འཇལ་འདོད་ཡོད།
ཚེས12ཉིན། ཏིན་ཞུའེ་ཞང་དུས་སྐབས་སྔོན་མའི་སྔོན་བརྡ་ལ་ཤུགས་བསྣན་ནས། ནམ་ཟླར་འཕྲོད་མཐུན་གྱི་མ་འོངས་པ་མཉམ་བསྐྲུན་བྱེད་ཅེས་པའི་རིམ་པ་མཐོ་བའི་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོས་གནམ་གཤིས་ཀྱི་དུས་སྐབས་སྔོན་མའི་སྔོན་བརྡའི་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་ཚད་མེད་བྱེད་ཅིང་། རྒྱལ་ཁབ་སོ་སོ་དང་མཉམ་དུ། འཛམ་གླིང་གི་ཉེན་ཁའི་དཔྱད་འཇོག་ནུས་པ་མཉམ་དུ་ཇེ་མཐོར་གཏོང་བ་དང་། འཛམ་གླིང་སྔོན་བརྡའི་དྲ་རྒྱ་འཛུགས་པ། ནམ་ཟླའི་འཕྲོད་མཐུད་གྲོགས་པོའི་འབྲེལ་བ་བསྐྲུན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་དུས་སྐབས་སྔོན་མའི་སྔོན་བརྡའི་གྲོས་གཞིར་སྐུལ་འདེད་བཏང་ནས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་འདོད་ཡོད།
ཚེས13ཉིན། ཏིན་ཞུའེ་ཞང་རྒྱལ་སྤྱིའི་ཐཱན་མེད་གླིང་ཕྲན་གྱི་མཉམ་ལས་གྲོས་གཞིའི་ཁྱབ་བསྒྲགས་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ་བ་དང་། ཀྲུང་གོས་ཕྱོགས་སོ་སོའི་བར་དང་མཉམ་ལས་དམ་ཟབ་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་གླིང་ཕྲན་གྱི་ནམ་ཟླའི་འགྱུར་ལྡོག་གི་འཕྲོད་མཐུད་ནུས་པ་ཇེ་མཐོར་གཏོང་བ་དང་། གླིང་ཕྲན་ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གླིང་ཕྲན་གྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། ཐཱན་མེད་གླིང་ཕྲན་དམིགས་འབེན་སྔ་མོ་ནས་མངོན་འགྱུར་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས། ལྗང་མདོག་གི་གླིང་ཕྲན་དང་། ཡིད་འོང་གི་གླིང་ཕྲན། བདེ་འཇགས་ཀྱི་གླིང་ཕྲན། བདེ་སྐྱིད་ཀྱི་གླིང་ཕྲན་ཞིག་འཛུགས་སྐྲུན་བྱེད་དགོས།
ཏིན་ཞུའེ་ཞང་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་རར་བཙུགས་པའི་ཀྲུང་གོའི་ཟུར་ཞེས་པར་སོང་སྟེ། ལས་བྱེད་མི་སྣར་ཀྲུང་གོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་སྒྲོག་མཚམས་སྦྱོར་བྱེད་དགོས་ཤིང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་པའི་སྐུལ་མ་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注