སྒོར་ཁྲི100ཡིས་བར་སྣང་དུ་བསྐྱོད་ཐུབ་བམ།

ཚེས24ཉིན། རྒྱལ་ནང་གི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཁེ་ལས་ཤིག་གིས་སྒོར་ཁྲི100ཡི་རིན་གོང་ཐོག་ནས2027ལོའི་མི་བཞུགས་འཕུར་གྲུའི་འཁོར་ལམ་ཕལ་བའི་མི་བཞུགས་ཡུལ་སྐོར་འཕུར་གྲུའི་སྤ་སེ་སྔོན་འཚོང་བྱས་པ་རེད། འབྲེལ་ཡོད་བརྗོད་བྱ“རྒྱལ་ནང་གི་བར་སྣང་ཡུལ་སྐོར་འཕུར་གྲུའི་སྤ་སེ་ཐོག་མ་དེ་ཆུ་ཚོད་ཕྱེད་ཀའི་ནང་བཙོངས”ཞེས་པ་པོད་ཕྲན་ཐོག་གི་གླེང་གཞི་ཚ་ཤོས་སུ་གྱུར་ཡོད། 

ཟླ10པའི་ཚེས24ཉིན། “འཁོར་ལམ་ཕལ་བའི་འཕུར་གྲུའི་ཉམས་ལེན་ཞབས་ཞུའི་བར་སྣང་སྒྲོམ་ཚང2027ལོར་ཐོག་མར་འཕུར་རྒྱུ”ཡི་ཚོང་ཟོག་ཅིག་གློག་རྡུལ་ཚོང་ཁང་གི་ཚོང་སྒྲོམ་ཐོག་བཞག་པ་དང་། གློག་རྡུལ་ཚོང་ཁང་གི་ཐད་གཏོང་ཁང་ཞིག་ནས་སྒོར་ཁྲི100ཡི་རིན་གོང་ཐོག་ནས་ཕྱིར་བཙོངས་བ་རེད། དེའི་སྔོན་ཚོང་རིན་གོང་སྒོར་ཁྲི5ཡིན་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དེ་ནི་རྒྱལ་ནང་གི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀུང་སི་ཞིག་གིས་བཏོན་པའི་འཁོར་ལམ་ཕལ་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པ་དང་། མང་ཚོགས་ལ་ཕྱོགས་ནས་ཡོངས་བསྒྲགས་ངང་རིགས་མཚུངས་ཚོང་ཟོག་ཕྱིར་ཚོང་བྱེད་ཐེངས་དང་པོ་ཡིན་པ་རེད། འཁོར་ལམ་ཕལ་བའི་འཕུར་སྐྱོད་ཟེར་བ་ནི་ཕྱིར་བསྡུ་ལེན་ཆོག་པའི་མེ་ཤུགས་འཕུར་མདའི་རིམ་པ་གཅིག་གི་སྟེང་དུ་འཕུར་གྲུའི་མི་བཞུགས་སྒྲོམ་ཚང་སྡེབ་སྒྲིག་བྱས་པའི་མེ་ཤུགས་འཕུར་མདའ་ཡིན་པ་དང་། སྤྱི་ལེ100ཡི་ཕྱིའི་བར་སྣང་དུ་སླེབས་རྗེས་ཕྱིར་ལོག་པ་ལས། སའི་གོ་ལའི་འཁོར་ལམ་དུ་མི་བསྐྱོད་པ་ཞིག་རེད།

ཀུང་སིའི་འགན་འཁུར་བས་འཁོར་ལམ་དུ་འཛུལ་བའི་འཕེན་གཏོང་གི་མ་གནས་མཐོན་པོ་དང་བསྡུར་ན། འཁོར་ལམ་ཕལ་བའི་འཕུར་སྐྱོད་ཀྱི་མ་གནས་བལྟོས་བཅས་ཀྱིས་དམའ་ཙམ་ཡོད་པ་དང་། སྔོན་ལ་མི་བཞུགས་ཚོང་ལས་འཇིག་རྟེན་འཕུར་སྐྱོད་རྣམ་གྲངས་སྤེལ་བའི་རེ་བ་ཆེ་ཤོས་ཡོད། འབྱུང་འགྱུར་ཐོན་རྫས་ཀྱི་རིན་གོང་དེ་སྒོར་ཁྲི150ཙམ་བྱས་ཚེ་མ་གནས་ཁེབས་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号