ཧོ་ཅིང་གསོ་རླུང་མེད་པར་མཐོ་ཚད་སྨི་8000ཡན་གྱི་རི་རྩེ་14ལ་འཛེག་མཁན་གྱི་ཀྲུང་གོ་བ་དང་པོར་གྱུར་པ།
ཧོ་ཅིང་གསོ་རླུང་མེད་པར་མཐོ་ཚད་སྨི་8000ཡན་གྱི་རི་རྩེ་14ལ་འཛེགས་པའི་ངོ་མཚར་གཏོད་པའི་ཀྲུང་གོ་བ་དང་པོར་གྱུར་ཞིང་། ཟླ་10ཚེས་18ཉིན་ཤིས་ཨན་གྱི་བུ་མོ་ཧོ་ཅིང་མཐོང་སྐབས། ཁོང་གིས“ངས་རང་ཉིད་ཀྱིས་བྱེད་དགོས་ངེས་ཀྱི་བྱ་བ་བྱས་པ་ཙམ་སྒྲུབ་པ་ཡིན། གང་ལགས་ཤེ་ན། རང་ཉིད་རི་འཛེག་རྒྱུར་དགའ་བས་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་ཕྱག་རྟགས་འབུལ་བའི་ཆེད་དུའང་ཡིན”ཞེས་བཤད།
གོ་ལ་ཧྲིལ་པོར་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་རྩེ་14ཡོད་པ་དང་། གསོ་རླུང་མེད་པར་རི་རྩེར་འཛེག་པ་ཞེས་པ་ནི་བརྒྱུད་རིམ་ཧྲིལ་པོར་གསོ་རླུང་ལ་མ་བརྟེན་པར་རི་རྩེར་འཛེག་པ་ལ་ཟེར། གསོ་རླུང་མེད་པར་མཐོ་ཚད་སྨི་8000ཡན་གྱི་རི་རྩེར་འཛེག་རྒྱུ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ལུས་རྩལ་ཞིག་ཡིན་པ་དང་། དེས་མིའི་གཟུགས་པོའི་ཟུངས་ནུས་དང་བློ་སྟོབས་ལ་ཚོད་བགམ་ཆེན་པོ་བྱེད་ཀྱི་ཡོད་སྟབས། གལ་སྲིད་གཟབ་གཟབ་མ་བྱས་ཚེ་སྲོག་ལ་ཉེན་ཁ་ཡོད་མོད། འོན་ཀྱང་ཀྲུང་གོ་བ་ཞིག་ཡིན་པའི་ཧོ་ཅིང་གིས་དེ་ལྟར་འགྲུབ་ནས་འཛམ་གླིང་གིས་མཐོང་བར་བྱས་ཡོད། ཧོ་ཅིང་ནི་དེ་ལྟའི་ངོ་མཚར་བྱ་སྤྱོད་གཏོད་མཁན་གྱི་བུད་མེད་ཨང་གསུམ་པ་དེ་ཡིན། ཟླ་10ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་10ལ་གསོ་རླུང་མེད་པར་འཛེག་མཁན་ཧོ་ཅིང་གིས་ས་བབ་མཐོ་ཚད་སྨི་8027ཟིན་པའི་ཤི་ཤ་སྦང་མར་བདེ་བླག་ངང་འཛེགས་པ་དང་། དེ་ནི་ཧོ་ཅིང་གིས་གསོ་རླུང་མེད་པར་འཛེགས་པའི་མཐོ་ཚད་སྨི་8000ཡན་ཟིན་པའི་རི་རྩེ་14པའང་ཡིན།
ཤི་ཤ་སྦང་མ་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཁོངས་སུ་གནས་པ་དང་། ཤར་ལྷོའི་ཕྱོགས་ནས་ཇོ་མོ་གླང་མའི་བར་རིང་ཚད་སྤྱི་ལེ་120ཙམ་ཟིན་པ། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་གྲགས་ཅན་གྱི་གྲས་ཤིག་ཡིན་ཞིང་། ས་བབ་མཐོ་ཚད་སྨི་8027ཟིན་པ་དང་། འཛམ་གླིང་གི་སྨི་8000ཟིན་པའི་རི་རྩེ་14ཁྲོད་ཀྱི་ཨང་14པ་ཡིན་ལ། རི་བོ་ཧྲིལ་པོ་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་སྨི་8000ཟིན་པའི་རི་རྩེ་གཅིག་པུ་དེའང་ཡིན། “འདི་ལོའི་ཟླ་བཅུ་པར། ངས་ཤི་ཤ་སྦང་མར་འཛེག་དོན་ནི། ཀྲུང་གོ་གསར་པ་དབུ་བརྙེས་པར་ཕྱག་རྟགས་འབུལ་ཆེད་ཡིན་ལ། ཀྲུང་གོ་བས་ཤི་ཤ་སྦང་མར་ཐེངས་དང་པོ་འཛེགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དུའང་ཡིན”ཞེས་ཧོ་ཅིང་གིས་བཤད།
2016ལོའི་ཟླ་10ཚེས་4ཉིན་ཧོ་ཅིང་གིས་གསོ་རླུང་མེད་པར་སྨི་8000ཡན་གྱི་རི་རྩེ་ཇོ་བོ་དབུ་ཡག་ལ་ཐེངས་དང་པོ་འཛེགས་པ་དང་། 2017ལོའི་ཟླ་9ཚེས་25ཉིན་ཧོ་ཅིང་གིས་གསོ་རླུང་མེད་པར་འཛམ་གླིང་གི་རི་རྩེ་བརྒྱད་པ་མཱ་ན་སི་ལུའུ་རི་རྩེར་ཐེངས་དང་པོ་འཛེགས་ཡོད། མཱ་ན་སི་ལུའུ་རི་རྩེ་ནི་ནེ་པ་ལའི་ས་ཁོངས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་8163ཟིན་གྱི་ཡོད། ཁོང་གིས་དོན་དེ་གཞན་ལ་ཁྱབ་བསྒྲགས་བྱས་མེད། གང་ལགས་ཤེ་ན། “རི་འཛེག་རྒྱུ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཡིན་པ་དང་། ནང་མིར་སེམས་ཁྲལ་མི་ཡོང་བའི་ཆེད་དུ”ཡིན་པས་རེད། ལོ་དེར་ཧོ་ཅིང་ལོ་29ཡིན་ལ། ཕྱི་རྒྱལ་དུ་སྐྱོད་ཐེངས་དང་པོའང་ཡིན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注