ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པ་ཨུ་རུ་སིའི་ཁ་ཧྲན་ཚོགས་འགྲེམ་ལྟེ་གནས་སུ་འཚོགས་པ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པཱ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། རྒྱ་གར་གྱི་ཙུང་ལི་མོ་ཏིས། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་སོགས་ཚོགས་འདུར་ཞུགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པ་ཨུ་རུ་སིའི་ཁ་ཧྲན་ཚོགས་འགྲེམ་ལྟེ་གནས་སུ་འཚོགས་པ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པཱ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། རྒྱ་གར་གྱི་ཙུང་ལི་མོ་ཏིས། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་སོགས་ཚོགས་འདུར་ཞུགས།

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པ་ཨུ་རུ་སིའི་ཁ་ཧྲན་ཚོགས་འགྲེམ་ལྟེ་གནས་སུ་འཚོགས་པ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པཱ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། རྒྱ་གར་གྱི་ཙུང་ལི་མོ་ཏིས། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་སོགས་ཚོགས་འདུར་ཞུགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་ཐོག་མར་ཁྱབ་ཁོངས་ཆུང་ངུའི་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཁོངས་གཏོགས་རྒྱལ་ཁབ་གསར་པ་གསེར་གྱོམ་ཁྱིམ་ཚང་ཆེན་མོའི་ནང་ཞུགས་པ་དང་དེ་བཞིན་རྒྱལ་ཁབ་མང་པོ་ཞིག་གདན་དྲངས་པ་ལྟར་གསེར་གྱོམ་རོགས་རེས་རྒྱལ་ཁབ་ཏུ་གྱུར་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་སྔར་ལས་ཇེ་མང་དུ་གཏོང་བ་ནི་གསེར་གྱོམ་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་གྲུབ་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་པའི་མཚོན་རྟགས་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན། གསེར་གྱོམ་རྒྱལ་ཁབ་མཉམ་སྐྱོད་མཉམ་འགྲོ་བྱ་རྒྱུ་དེ་ནི་ཐུན་མོང་གི་དོན་གཉེར་ལ་དམ་པོར་དམིགས་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་གནས་སྟངས་ཆེན་པོ་དང་ཡོངས་སུ་མཐུན་པ་ཞིག་ཡིན།  མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་སྔར་ལས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། སྣེ་མང་ཅན་གྱི་རྣམ་པ་གསར་པའང་མངོན་ཡོད་ལ།“འཇམ་འཐབ་གསར་པའི”ཉེན་ཁའི་གནས་ཚུལ་ཡང་གནས་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་ལ་སྟངས་འཛིན་ནན་མོ་བྱེད་པ་དང་ལོ་རྒྱུས་ཀྱི་རང་འགུལ་མངོན་པར་བྱེད་པ། སྒོ་འབྱེད་བསྟུན་མཁས་དང་མཉམ་ལས་གཉིས་ཕན་བཅས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་ཕྱོགས་ཆེན་པོ་དང་སྒོ་ཀུན་ནས་བསྟུན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱེད་པ། བློ་གཅིག་སེམས་གཅིག་བཅས་བྱས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་ཐུན་མོང་རིན་ཐང་སྔར་ལས་གཅིག་སྒྲིལ་བྱེད་དགོས་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་འབད་ལ་སྐུལ་འདེད་བཅས་བྱས་ཏེ། གསེར་གྱོམ་འདི་ཉིད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་གི་འཛམ་གླིང་ཅི་ཙམ་ཟང་ཟིང་ཅན་དུ་གྱུར་བ་ཡིན་ན་ང་ཚོས་སྔར་ལས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། གསེར་གྱོམ་བཙོ་སྦྱངས་བྱས་ནས་གསེར་གྱོམ་གྱི་སྟོབས་ཤུགས་མངོན་པར་འབད་དགོས། ཞི་བདེ་ཡི་འབོད་སྐུལ་སྒྲོག་པ་དང་གྲོས་མོལ་བྱེད་རྒྱུ་ལས་ཕན་ཚུན་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་ཟླ་གྲོགས་བྱེད་པ་ལས་མནའ་མཐུན་མི་བསྒྲིགས་པའི་བདེ་འཇགས་གསར་པ་དར་སྤེལ་གཏོང་དགོས། ཐུན་མོང་གི་འཕེལ་རྒྱས་ལམ་བུ་དོན་གཉེར་བྱེད་པ་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། ཐུན་མོང་འཕེལ་རྒྱས་ཀྱི་བགྲོད་ལམ་བརྟན་པོར་སྲུང་དགོས། མཉམ་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། ཞིང་ལས་དང་ནུས་ཁུངས། གཏེར་རྫས། དཔལ་འབྱོར་ཚོང་དོན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ཚོང་དོན་དངུལ་གཏོང་དང་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།

དེའི་རྗེས་ཞི་ཅིན་ཕིང་ཁྱབ་ཁོངས་ཆེན་པོའི་ཚོགས་འདུར་ཞུགས་ནས་འབྱུང་འགྱུར་གྱི་གསེར་གྱོམ་འཕེལ་རྒྱས་ཐད་ནས་བསམ་འཆར་གལ་ཆེན་དང་གྲོས་གཞི་ཁག་ལྔ་བཏོན་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་འདི་ཉིད་བརྟན་པོ་མིན་ལ་འགྱུར་ལྡོག་རྒོད་པའི་དུས་མཚམས་གསར་པར་སླེབས་ཡོད་ཅིང་། འཛམ་གླིང་འདི་ཉིད་སྔར་ལས་ཟིང་ཆ་ཆེ་བའི་ཕྱོགས་སུ་འཕེལ་ལམ་ཡང་ན་ཞི་བདེ་དང་འཕེལ་རྒྱས་ལ་ཡང་བསྐྱར་སྐུལ་འདེད་གཏོང་དགོས་པའི་ཕྱོགས་སུ་འཕེལ་དགོས་མིན་གྱི་འགག་རྩའི་གདམ་ག་ལ་འཕྲད་ཡོད། དུས་རབས་ཀྱི་རླུང་རླབས་ཇི་ཙམ་ཆེ་ན་ང་ཚོས་དེ་ཙམ་གྱིས་དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་མདུན་བསུས་ནས་བློ་བརྟན་འགྱུར་མེད་དང་གཞན་གྱི་སྔོན་ལ་སྐྱོད་ཕོད་པ། འགྱུར་ལྡོག་ལ་ངོས་འཛིན་བྱེད་པ་དང་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ངོས་ནས་མཉམ་དུ། “གསེར་གྱོམ་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

ང་ཚོས“ཞི་བདེ་ཡི་གསེར་གྱོམ”འཛུགས་སྐྲུན་བྱས་ནས། ཐུན་མོང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་མཁན་རྣལ་མ་བྱེད་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་པ་ཡིན་ན། གཞི་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཐུབ། “དམག་འཁྲུག་ཕྱི་རུ་མི་མཆེད་པ་དང་དམག་འཁྲུག་གི་ཚད་གཞི་སྔར་ལས་ཇེ་མཐོར་མི་འགྲོ་བ། ཕྱོགས་སོ་སོ་དམག་འཁྲུག་གི་ཁྲོད་མི་ཞུགས་པ”བཅས་ཀྱི་རྩ་དོན་གསུམ་རྒྱུན་འཁྱོངས་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་གནས་སྟངས་སྔར་ལས་མགྱོགས་མྱུར་ངང་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་གང་མགྱོགས་རྒྱག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་སྟེ། ཕཱ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

ང་ཚོས“གསར་གཏོད་ཀྱི་གསེར་གྱོམ”འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་རབས་ཀྱི་གོམ་རྗེས་དམ་པོར་འབྲངས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས། ཉེ་ལམ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་འཕེལ་རྒྱས་དང་མཉམ་ལས་ལྟེ་གནས་གསར་དུ་བཙུགས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མཚོ་གཏིང་ཐོན་ཁུངས་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་ཀྲུང་གོའི་མཉམ་ལས་ལྟེ་གནས། གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ལས་ནུས་པའི་ཀྲུང་གོའི་ལྟེ་གནས། གསེར་གྱོམ་རྒྱལ་ཁབ་ཀྱི་གཞི་གྲངས་ཐོན་ལས་ཀྱི་སྐྱེ་ཁམས་མཉམ་ལས་དྲ་བ་བཅས་འཛུགས་རྒྱུ་ཡིན་པས། ཕྱོགས་སོ་སོ་དེའི་ནང་འབད་པས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ང་ཚོས“ལྗང་མདོག་གི་གསེར་གྱོམ”བསྐྲུན་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལག་ལེན་པ་ཞིག་བྱེད་དགོས། ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་ལིས་གློག་རྫས། འོད་ཤུགས་ཐོན་རྫས་སོགས་སྤུས་ལེགས་ཐོན་ནུས་ཀྱིས་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་དང་མཉམ་དུ་ལྗང་མདོག་ཐོན་ལས་དང་ནུས་ཁུངས་གཙང་མ། དེ་བཞིན་ལྗང་མདོག་གཏེར་ཐོན་བཅས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི“ལྗང་མདོག་ཅན”གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། མཉམ་ལས་ཀྱི“ལྗང་མདོག་འདུས་ཚད”སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཕེལ་རྒྱས་ཀྱི“རིན་ཐང་འདུས་ཚད”སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད།

ང་ཚོས“དྲང་བདེན་དྲང་གཞག་གི་གསེར་གྱོམ”བསྐྲུན་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ནའང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ལས་དོན་དུས་ཡུན་རིང་པོར་རྗེས་ལུས་ཐེབས་ཡོད། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དྲང་གཞག་དྲང་བདེན་དང་སྒོ་འབྱེད་དཀྱེལ་ཡངས་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་ལ་སྣེ་ཁྲིད་བྱས་ཏེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་གཏོང་དགོས། དངུལ་རྩའི་རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། གསར་སྤེལ་དངུལ་ཁང་གསར་པ་སྔར་ལས་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩའི་མ་ལག་གིས་འཛམ་གླིང་གི་དཔལ་འབྱོར་གྲུབ་སྟངས་ཀྱི་འགྱུར་ལྡོག་སྔར་ལས་ལེགས་པོའི་སྒོ་ནས་མཚོན་པར་སྐུལ་འདེད་གཏོང་དགོས།

ང་ཚོས“མི་ཆོས་ཀྱི་གསེར་གྱོམ”འཛུགས་སྐྲུན་བྱས་ཏེ། ཤེས་རིག་དང་མཉམ་འདུས་ཀུན་གསོན་དར་སྤེལ་གཏོང་མཁན་རྣལ་མ་བྱེད་དགོས། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཤེས་རིག་མི་འདྲ་བ་ཕན་ཚུན་བསྟུན་མཁས་མཉམ་གནས་བྱེད་རྒྱུ་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གསེར་གྱོམ་གཞི་གྲངས་སློབ་གསོའི་མཉམ་ལས་ཀྱི་གྲོས་འགོ་དོན་འཁྱོལ་ཡོང་བར་བྱེད་རྒྱུ་དང་། གསེར་གྱོམ་གྱི་གཞི་གྲངས་སློབ་གསོའི་ནུས་པ་འཛུགས་སྐྲུན་གྱི་འཆར་གཞི་ལག་བསྟར་བྱས་ཏེ། མ་འོངས་པའི་ལོ5ཡི་ནང་གསེར་གྱོམ་རྒྱལ་ཁབ་དུ་ཕྱི་རྒྱལ་གྱི་སློབ་སྦྱོང་ལྟེ་གནས་10བཙུགས་ནས། སློབ་གསོ་དོ་དམ་མི་སྣ་དང་དགེ་སློབ1000ལ་གསོ་སྦྱོང་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་ཏུ་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་སོ་སོ་དང་མཉམ་དུ། “གསེར་གྱོམ་མཉམ་ལས་ཆེན་མོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཚོགས་ཞུགས་འགོ་ཁྲིད་པས“ཕྱོགས་མང་རིང་ལུགས་ལ་ཤུགས་བསྣན་ནས་དྲང་བདེན་དྲང་གཞག་གི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། གསེར་གྱོམ་མཉམ་ལས་དང་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་།

ཚོགས་ཞུགས་མགོ་ཁྲིད་པ་རྣམས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་ལམ་སྲོལ་འཕེལ་རྒྱས་དང་དེས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས་ནས། གསེར་གྱོམ་རྒྱལ་ཁབ་ལ་མི་འབོར་མང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བ། མི་སེམས་འགུག་ནུས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་བཅས་ནི། ཕྱོགས་མང་རིང་ལུགས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱས། གསེར་གྱོམ་རྒྱལ་ཁབ་ཀྱིས་གསེར་གྱོམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན།“གསེར་གྱོམ་ཆེན་པོའི”འཐབ་ཇུས་རོགས་རེས་འབྲེལ་བ་ཇེ་དམ་དུ་གཏོང་བ། ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་ཉོ་ཚོང་། ནོར་སྲིད། མི་གཞུང་རིག་གནས་བརྗེ་རེས་བཅས་ཀྱི“འཁོར་གསུམ་སྐུལ་སྤེལ”གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན། འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་དང་མཚོན་བྱེད་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་རྒྱུ་དང་། རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་སྲུང་སྐྱོབ་གང་ལེགས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིས་བཟོས་་རིག་ནུས་སོགས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། བརྗེ་རེས་དང་གྲོས་མོལ་བྱས་པ་བརྒྱུད། ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ཏེ་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་དོ་ཁུར་ལ་བརྩི་འཇོག་བྱེད་དགོས། ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲོམ་གཞིའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། གསར་སྤེལ་དངུལ་ཁང་གསར་པ་དེ་དུས་རབས21གི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བཏོན་པའི། “ཤེས་རིག་གི་ངོས་ནས་གྲོས་མོལ་བྱེད་དགོས་པའི་སྐོར་གྱི་རྒྱལ་སྤྱིའི་ཉིན་མོའི”འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་བསྟོད་བསྔགས་བྱས་པ་དང་། འཛམ་གླིང་ཤེས་རིག་གི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་ཤེས་རིག་མི་འདྲ་བའི་བར་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས།

ཐུག་འཕྲད་སྟེང་དུ། 《གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པའི་ཁ་ཧྲན་བསྒྲགས་གཏམ》ཞེས་པ་དངོས་སུ་སྤེལ་ནས། གསེར་གྱོམ་གྱི་རོགས་རེས་རྒྱལ་ཁབ་འཛུགས་རྒྱུ་ཁྱབ་སྒྲོག་བྱས།

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པ་ཨུ་རུ་སིའི་ཁ་ཧྲན་ཚོགས་འགྲེམ་ལྟེ་གནས་སུ་འཚོགས་པ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པཱ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། རྒྱ་གར་གྱི་ཙུང་ལི་མོ་ཏིས། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་སོགས་ཚོགས་འདུར་ཞུགས། འདི་ནི་ཐུག་འཕྲད་སྐབས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲན་རྟེན་འདྲ་པར་བསྐྱོན་པའི་ཚུལ་རེད།

ཐེངས་འདིའི་ཐུག་འཕྲད་ཀྱི་སྐབས་སུ། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ད་དུང་གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལའོ་སའེ་ཧྥུའུ་སོགས་གསེར་གྱོམ་ལམ་སྲོལ་གྱི་འགན་འཁུར་བའི་བྱ་བའི་སྙན་ཞུར་གསན་པ་དང་།  མཉམ་དུ་དྲན་རྟེན་འདྲ་པར་ཡང་བསྐྱོན།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号