རྒྱལ་ཡོངས་མཐོ་སློབ་ཀྱིས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཐོས་བསམ་མྱོང་རྟོགས་བྱེད་པའི”མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།
རྒྱལ་ཡོངས་མཐོ་སློབ་ཀྱིས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཐོས་བསམ་མྱོང་རྟོགས་བྱེད་པའི”མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་དེ་མཚོ་སྔོན་སློབ་ཆེན་དུ་སྤེ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ཀྲའོ་ཅིན་གྱི་སྙིང་སྟོབས། ཏང་གི་རླབས་ཆེན་སྙིང་སྟོབས་བཅས་ལ་དམིགས་ནས་སྙན་ཞུ་སྒྲོག་འགྲེལ་བྱས།
ཐེངས་འདིའི་བྱ་འགུལ་ནི་སློབ་གསོ་པུའུ་ཡི་བསམ་བློ་ཆབ་སྲིད་བྱ་བའི་སི་ཡིས་མཛུབ་ཁྲིད་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཁུར་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་དགོས”ཞེས་པ་དང་། “ཀྲའོ་ཅིན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།”“རླབས་ཆེན་སྙིང་སྟོབས་ཐོས་བསམ་མྱོང་རྟོགས་བྱས་ཏེ་ལང་ཚོའི་གཟི་མདངས་རྣམ་པར་རྒྱས་པར་བྱེད”ཅེས་པ་བརྗོད་དོན་དུ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ནི་ཅི་ཞིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་གང་ཞིག་ཡིན་པ། དེ་མིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་པའི་སྟེང་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཤེས་རྟོགས་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཇི་ལྟར་བྱེད་དགོས་པ་བཅསདོན་ཟབ་ལ་གོ་བདེ་བའི་ངང་འགྲེལ་བཤད་བྱས་ལ། རྒྱ་ཆེའི་སློབ་མ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ལྷག་བསམ་རྣམ་དག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འབད་འཐབ་ཀྱི་གཤིས་རྒྱུད་ཞུན་བརྡར་བྱེད་པ། འགྱུར་མེད་ཀྱི་བློ་སྟོབས་སྦྱོང་བརྡར་བཅས་བྱས་ཏེ། རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་བྱེད་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་དམ་པོར་བཅངས་ནས། རང་ཉིད་ཀྱིས་འབད་འབུངས་བྱས་ཏེ་ལང་ཚོའི་འོད་ཟེར་དེ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་སྟེང་མངོན་པར་བྱེད་དགོས་པར་སྐུལ་ལྕག་དང་འབོད་སྐུལ་བྱས།
ཚོགས་ཞུགས་དགེ་སློབ་ཚོས་བསྟན་དོན། ཐེངས་འདིའི་སྒྲོག་འགྲེལ་གྱི་བརྗོད་བྱ་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པས་དེ་ནི་ལྷག་བསམ་ཟོལ་མེད་དང་མི་སེམས་འགུག་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག་རེད། སྒྲོག་འགྲེལ་སྙན་ཞུའི་ནང་གཞུང་ལུགས་ཀྱི་འགྲེལ་བཤད་ཡོད་ལ་གྱོད་དཔེ་དབྱེ་ཞིབ་ཀྱང་ཡོད་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཟབ་ཚད་ཀྱང་ཡོད་པས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཇེ་ཟབ་ཏུ་ཕྱིན་ཡོད་པས། ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་བྱེད་པའི་གདོང་ལེན་པ་བྱེད་པ་དང་། འབད་འབུངས་བྱས་ནས་ཤེས་ལྡན་པར་འགྱུར་བ་དང་རྒྱལ་ཁབ་ལ་དྲིན་གཟོ་བའི་ཐད་འགན་འཁུར་ཕོད་པར་བྱེད་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注