ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པས་སློབ་གསོ་ལས་ཁུངས་སུ་སྒྲོག་འགྲེལ་བྱས་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པས་ཚེས30ཉིན་སློབ་གསོ་ལས་ཁུངས་སུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་སྟེང་ཧོའེ་ཅིན་ཕིན་གྱིས་གོམ་གང་མདུན་སྤོས་ཀྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གནས་ཡུལ། ལས་འགན་བཅས་ལ་གོ་བ་གཏིང་ཟབ་ལེན་པར་དམིགས་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན་དང་རྩ་དོན་གལ་ཆེན་བཅས་གོ་བ་གཏིང་ཟབ་བླངས་ཏེ། ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ཁྲོད་བཏོན་པའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོར་བྱ་དགོས་པ་བཅས་ཀྱི་ཕྱོགས་ནས་སྒྲིག་འགྲེལ་དང་འགྲེལ་བཤད་བྱས། ཁོང་གིས་སྒྲོག་འགྲེལ་བྱེད་སྐབས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཏང་གིས་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལས་རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་འགྲུབ་འབྱུང་བར་དོ་སྣང་བྱ་དགོས་པ་དང་། གཙོ་གནད་འབུར་ཐོན་ཡོང་བར་སྔར་བས་མཐོང་ཆེན་བྱ་དགོས། བླ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་བཅོས་སྒྱུར་འཐབ་ཇུས་བཀོད་སྒྲིག་མངོན་འགྱུར་བྱས་ཏེ། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པར་བསྟན།

ཚེས30ཉིན་གྱི་སྔ་དྲོར་ཧོའེ་ཅིན་ཕིན་པེ་ཅིན་སློབ་གྲྭ་ཆེན་མོར་ཕེབས་ནས་རྒྱལ་སའི་མཐོ་རིམ་སློབ་གྲྭའི་སྲིད་དོན་སློབ་ཚན་གྱི་དགེ་རྒན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐུན་མོང་གི་གྲ་སྒྲིག་ཚོགས་འདུར་ཞུགས་པ་མ་ཟད། དགེ་རྒན་གྱི་འཐུས་མི་དང་སྤེལ་རེས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号