2024ལོར་རྒྱལ་ཡོངས་ཀྱི་ལས་བཟོ་པའི་དྲ་རྒྱའི་འཇོན་མི་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས་པ།
ཟླ7པའི་ཚེས30ཉིན་གྱི་སྔ་དྲོ་ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་མཛུབ་ཁྲིད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“དྲང་ནུས་ཅན་གྱི་འཇོན་མི་གཅིག་སྡུད་བྱས་ནས་དུས་རབས་ཀྱི་ལེའུ་གསར་པ་གཏོད་པའི”2024ལོའི་རྒྱལ་ཡོངས་ལས་བཟོ་པའི་དྲ་རྒྱའི་འཇོན་མི་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་ཟི་ལིང་དུ་སྤེལ་མགོ་ཚུགས། བྱེད་སྒོ་སྟེང་རྒྱལ་ཡོངས་ཀྱི་ལས་བཟོའི་དྲ་རྒྱའི་འཇོན་མིའི་འཐུས་མི20ལྷག་གདན་ཞུ་བྱས་ཡོད་པ་དང་། དྲ་རྒྱ་ཡོངས་ནས་དོ་སྣང་བྱེད་མཁན་དུང་ཕྱུར1ཙམ་ཟིན།
ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི“559”ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ། དྲ་རྒྱའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། དྲ་ཐོག་གི་བཟོ་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “དྲ་ཐོག་ལས་བཟོ་པའི་ཁྱིམ་ཚང་”གཏོད་པ། “བཟོ་པའི”ཁྱད་ཆོས་མངོན་གསལ་་ལྡན་པའི་དྲ་རྒྱའི་ནུས་པ་འདོན་སྤེལ་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་བཟོ་ཚོགས་ཀྱི་དྲ་རྒྱའི་བརྒྱུད་སྤེལ་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དྲ་ཐོག་ནས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོ་བརྗོད་པ། ལས་བཟོ་བའི་གཏམ་རྒྱུད་བརྗོད་པ། བཟོ་ཚོགས་ཀྱི་གཏམ་རྒྱུད་བརྗོད་པ་བཅས་དྲ་ཐོག་དང་ཡུལ་དངོས་གཉིས་ཀྱི“ཟླུམ་ཆ་ཆེ་ཤེས”གཏོད་ཆེད་གོ་སྐབས་རྩ་ཆེན་མཁོ་འདོན་བྱས།
བྱེད་སྒོ་སྤེལ་བའི་སྐབས་སུ་ལས་བཟོ་པའི་དྲ་རྒྱའི་འཇོན་མི་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་སོགས་སུ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོ་དང་། རྒྱལ་ཡོངས་བཟོ་པའི་གདོང་ལེན་རྟེན་གཞི། རྒྱལ་ཡོངས་ལས་བཟོའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། ངལ་རྩོལ་དཔེ་བཟོའི་གསར་གཏོད་ལས་དོན་ཁང་སོགས་ལ་བཅར་འདྲི་དང་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་རེད། དྲ་རྒྱའི་འཇོན་མིས་དམིགས་བསལ་ལྟ་ཕྱོགས་ལ་བརྟེན་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་སྟེང་ནས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོ་བརྗོད་རྒྱུ་ཡིན་པ་དང་བཟོ་ཚོགས་ཀྱི་སྒྲ་སྙན་བརྒྱུད་བསྒྲགས་བྱ་རྒྱུ། ལས་བཟོ་པའི་དྲང་ནུས་གཅིག་སྡུད་དང་དྲ་རྒྱའི་སྒྲ་སྙན་བརྒྱུད་བསྒྲགས་བྱ་རྒྱུ་སོགས “གཟི་བརྗིད་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ངལ་རྩོལ་པར་དབང་བ”ཞེས་པའི་སྤྱིའི་དགོངས་གཞི་དར་སྤེལ་གཏོང་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注