གཙང་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་ཀྲུང་གོའི་ཁྲུང་ཁྲུང་ཞིབ་འཇུག་རྟེན་གཞིས་ཡུས་ཧྲུའུ་རོང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དངོས་སུ་མིང་བྱང་བཀལ།

ཟླ7པའི་ཚེས26ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ། གཙང་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པའི་གཙང་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་ཀྲུང་གོའི་ཁྲུང་ཁྲུང་ཞིབ་འཇུག་རྟེན་གཞི་དེ་ཡུས་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་དངོས་སུ་སྒོ་བྱང་བཀལ། རྟེན་གཞི་དེ་བཙུགས་པ་ནི། གཙང་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་གིས་བཏོན་པའི་གྲུབ་འབྲས་གསར་བ་ཞིག་ཡིན་པ་མ་ཟད།“མ་ཡུམ་ཆུ་བོར་སྲུང་སྐྱོབ་དང་། གཙང་གསུམ་འབྱུང་ཡུལ་བརྟན་སྲུང”བྱེད་པའི་རྒྱལ་སའི་ཆེད་མཁས་པ་ཡུས་ཧྲུའུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྟོག་ཞིབ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བྱེད་པའི“དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ”པའི་བྱ་འགུལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། 

“ཁྲུང་ཁྲུང་སྐེ་ནག་གི་ཕ་སའི”མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་བྱེད་ས་ཡིན་པའི་ཆ་ནས། ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་བྱེད་ས་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་བརླན་ས་དང་། གཙང་གསུམ་འབྱུང་ཡུལ་ཞིབ་འཇུག་ཁང་གི་ཀྲུང་གོའི་ཁྲུང་ཁྲུང་ཞིབ་འཇུག་རྟེན་གཞི་དེ་ཡུས་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བཙུགས་པར་དོན་སྙིང་གལ་ཆེན་ལྡན། སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། ཕྱོགས་སོ་སོའི་བསྟན་དོན། རྟེན་གཞི་བཙུགས་པ་དེ་གོ་སྐབས་སུ་བཟུང་ནས། ཁྲུང་ཁྲུང་སྐེ་ནག་གི་འབྲེལ་ཡོད་བྱ་འགུལ་དང་།“ཀྲུང་གོའི་ཁྲུང་ཁྲུང”རིག་གནས་ཟོང་རྟགས་འཛུགས་སྐྲུན་དང་དམ་དུ་འབྲེལ་ཏེ། གཙང་གསུམ་འབྱུང་ཡུལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་དང་ཁོར་ཡུག་སྲུང་སྐྱོབ་གནད་དོན་ལ་དོ་སྣང་བྱེད་པར་ཁྲིད་སྟོན་བྱས་ཏེ། དམངས་ཡོངས“མ་ཡུལ་ཆུ་བོར་སྲུང་སྐྱོབ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་བརྟན་སྲུང”བྱེད་པའི་རྣམ་པ་ལེགས་པོའི་ཁྲོད་ཞུགས་པར་བྱས། དུས་མཚུངས་སུ། ཡུས་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྣམ་པ་གསར་བ་ཞིག་གིས། འཛམ་གླིང་གི་མི་རྣམས་ལ་གཙང་གསུམ་འབྱུང་ཡུལ་གྱི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ཐད་དཔེ་མཚོན་ཞིག་མངོན་པར་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号