མཚོ་སྔོན་གྱིས“སྲོལ་མང་གཅིག་འདུས”ཀྱི་ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས།

ཟླ7པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད(2021—2035ལོ)》(གཤམ་དུ《འཆར་འགོད》ཆེས་བསྡུ་རྒྱུ)ཐད་ཀློག་འགྲེལ་བྱས་ཤིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི“སྲོལ་མང་གཅིག་འདུས”ཀྱི་ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཐོག་མ་ཡིན། 

རྒྱུས་ལོན་བྱུང་བ་ལྟར་ན། 《འཆར་འགོད》དེར་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱས་པ་དང་། 2023ལོའི་ཟླ12པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ལན་སློག་པ་དང་། 2024ལོའི་ཟླ3པའི་ཚེས15ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་དཔར་འགྲེམ་བྱས་ཏེ་ལག་བསྟར་བྱས། 《འཆར་འགོད》ཀྱིས་བྱེད་ནུས་གཙོ་བོའི་ཁུལ་གྱི་འཆར་འགོད་དང་། ས་ཞིང་བེད་སྤྱོད་འཆར་འགོད། མཁར་ཤང་འཆར་འགོད་སོགས་བར་སྟོང་འཆར་འགོད་ཀྱི་ནང་དོན་དང་། བར་སྟོང་དོ་དམ་ཚོད་འཛིན་གྱི་བླང་བྱ་མཉམ་འདྲེས་བྱས་པ་དང་། མ་ལག་གི་སྒོ་ནས་ད་ལྟའི་གནས་བབ་གསར་སྤེལ་སྲུང་སྐྱོང་དང་། གནས་པའི་གནད་དོན་ལ་དཔྱད་འཇོག་བྱས་ཤིང་། ཁྱོན་ཡོངས་ནས་མ་འོངས་པའི་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་ཐད་འཕྲད་པའི་གནས་བབ་དང་ལས་འགན་ལ་བརྡར་གཅོད་བྱས་པ་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་གསར་བར་འཆར་འགོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་བ་མངོན་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་མངོན་ཡོད། 

《འཆར་འགོད》ལས། 2035ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་སྲུང་སྐྱོང་ཆུ་ཚད་ལྡབ་འགྱུར་གྱིས་མཐོར་འདེགས་སུ་སོང་བ་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་སུ་སོང་བ་དང་། རྒྱལ་ཁོངས་བར་སྟོང་གཞོགས་འདེགས་ནུས་པ་གཏན་འཇགས་ངང་མཐོར་འདེགས་སུ་སོང་ཞིང་། རྒྱལ་ཁོངས་བར་སྟོང་སྤུས་ཚད་མུ་མཐུད་ནས་མཐོ་རུ་ཕྱིན་ལ། རྒྱལ་ཁོངས་བར་སྟོང་བཅོས་སྐྱོང་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། ཁྱོན་ཡོངས་ནས་བྱེད་ནུས་གཙོ་བོ་མངོན་གསལ་དང་། དགེ་མཚན་ཕན་ཚུན་ཁ་གསབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོང་ཐད་རྣམ་པ་གསར་བ་གྲུབ་ཅིང་། གཞི་རྩའི་སྟེང་ནས་བདེ་འཇགས་དང་། ལྗང་མདོག སྒོ་འབྱེད། མཐུན་འགྲིག བདེ་སྡོད། རིག་ནུས་དང་། འགྲན་རྩོད་ནུས་ཤུགས་ལྡན་པའི་མཛེས་སྡུག་གི་རྒྱལ་ཁོངས་ཤིག་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བར་སྟོང་འགན་སྲུང་མཁོ་འདོན་བྱེད་པའི་བླང་བྱ་བཏོན། 

《འཆར་འགོད》ཀྱིས་མཚོ་སྔོན་གྱི་ཐོན་ཁུངས་སྒུལ་ཤུགས་དང་མཐོ་སྒང་གི་ས་གཤིས་ཁྱད་ཆོས་ལས་བྱུང་ཞིང་། ཚོད་འཛིན་ལམ་ཐིག་གསུམ་གཅིག་གྱུར་དང་རིགས་དབྱེའི་བདེ་འཇགས་གཏན་འཁེལ་བྱས། 2035ལོར་བསླེབ་དུས། རྨོ་ཞིང་སྲུང་སྐྱོང་ལས་འགན་སྤྱི་ཆིང་ཁྲི55.913ལས་མི་ཉུང་བ་དང་། གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི49.140ལས་མི་ཉུང་བ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི29.64དང་། མཁར་གྲོང་གསར་སྤེལ་མཐའ་མཚམས་རྒྱ་བསྐྱེད་ལྡབ་འགྱུར་གྲངས་ཀ་དེ2020ལོའི་མཁར་གྲོང་འཛུགས་སྐྲུན་བེད་སྤྱོད་སའི་གཞི་ཁྱོན་གྱི་ལྡབ1.3ནང་ཡིན་པ་རེད། 《འཆར་འགོད》ལས་རང་བྱུང་གནོད་འཚེའི་ཉེན་ཁའི་གཙོ་གནད་འགོག་སྡོམ་ཁུལ་དང་། ཆུ་ལོག་སོགས་ཉེན་ཁའི་ཚོད་འཛིན་དང་། ལྗང་སའི་མ་ལག་ཐིག ཆུའི་སྲུང་སྐྱོང་ཐིག ལོ་རྒྱུས་རིག་གནས་སྲུང་སྐྱོང་ཐིག དེ་མིན་རྨང་གཞི་སྒྲིག་ཆས་སྲུང་སྐྱོང་ཐིག་བཅས་གཏན་ཁེལ་བྱས་ནས། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་སོགས་བདེ་འཇགས་འགན་སྲུང་བར་སྟོང་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་ཚད་མཐའ་སྲ་བརྟན་དུ་བཏང་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号