ཞི་ཅིན་ཕིང་གིས་ཏུང་ཏི་ཝིན་གྱི་ཙུང་ཐུང་ཨོ་ཨར་ཐ་དང་གྲོས་མོལ་གནང་བ།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུང་ཏི་ཝིན་ཙུང་ཐུང་ཨོ་ཨར་ཐ་ལ་གྲོས་མོལ་གནང་།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུང་ཏི་ཝིན་ཙུང་ཐུང་ཨོ་ཨར་ཐ་ལ་གྲོས་མོལ་གནང་།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུང་ཏི་ཝིན་གྱི་ཙུང་ཐུང་ཨོ་ཨར་ཐ་ལ་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ནི་ཏུང་ཏི་ཝིན་རྒྱལ་ཁབ་བཙུགས་པའི་མཛད་རྗེས་ཅན་དང་། ཀྲུང་གོ་དང་ཏུང་ཏི་ཝིན་མཛའ་མཐུན་བྱ་གཞག་གི་རྨང་འདིང་མཁན་ཡང་ཡིན། ཁྱེད་ཀྱི་འཚམས་འདྲི་ནི་ཏུང་ཏི་ཝིན་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་ཐེངས་ཐོག་མ་དེ་ཡིན་པར་བརྟེན། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཏུང་ཏི་ཝིན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ནི་ཏུང་ཏི་ཝིན་རང་བཙན་ཡིན་པ་ཁས་ལེན་མཁན་གྱི་རྒྱལ་ཁབ་སྔ་ཤོས་དང་ཏུང་ཏི་ཝིན་བར་འབྲེལ་བ་འཛུགས་མཁན་སྔ་ཤོས་ཀྱི་གྲས་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་ལྟ་སྟངས་ཟོལ་མེད་འཛིན་པ་དང་ཕན་ཚུན་རོགས་རམ་བྱེད་ཀྱིན་པ་དེ་ནི། ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཆུ་ཚད། ལོ་རྒྱུས་རིག་གནས་བཅས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་དཔེ་མཚོན་ཞིག་ཡིན། གཟའ་འཁོར་གཉིས་ཀྱི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་། ཀྲུང་གོས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པས། དེས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་སྟེར་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཏུང་ཏི་ཝིན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཏུང་ཏི་ཝིན་ཕྱོགས་དང་མཉམ་དུ།“སྔར་ལས་མཐོ་བ་གསུམ”གྱི་དམིགས་འབེན་ཕྱོགས་སུ་བསྐྱོད་དེ། ཕྱོགས་གཉིས་ཀའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། གཅིག་ནས་ཕན་ཚུན་བར་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་བསྐྲུན་དགོས། གཉིས་ནས་གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་དངོས་སྒྲུབ་མཉམ་ལས་སྤེལ་དགོས། གསུམ་ནས“འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། རིམ་པ་སྔར་ལས་མཐོ་བའི་ཕྱོགས་མང་མཉམ་ལས་སྤེལ་དགོས་ལ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་དར་སྤེལ་གཏོང་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་སྟེང་གི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
ཨོ་ཨར་ཐ་ཡིས་བསྟན་དོན། 1976ལོའི་ཚུན་དུ་ངས་ཐེངས་མང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་མྱོང་ལ། ཀྲུང་གོའི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ལ་དངོས་སུ་མྱོང་ཚོར་ཟབ་མོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག ཀྲུང་གོས་བལྟོས་མེད་ཀྱི་དབུལ་ཕོངས་སེལ་ཏེ་མིའི་རིགས་ཀྱི་ངོ་མཚར་བསྐྲུན་ཡོད། ཟང་ཟིང་འགྱུར་ལྡོག་གི་འཛམ་གླིང་གནས་བབ་ལ་ཁ་གཏད་དེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་འཛམ་གླིང་གྲོས་གཞི་རབ་དང་རིམ་པ་བཏོན་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་སྟེ། ཀྲུང་གོ་ནི་ཞི་བདེར་བརྩོན་པ་དང་འགན་འཁྲི་ཁུར་བའི་འཛམ་གླིང་གི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་བྱེད་ནུས་དང་ཤུགས་རྐྱེན་མངོན་པར་བྱས་ཡོད། ཏུང་ཏི་ཝིན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་ཞུས་ནས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་རླབས་ཆེའི་འདུ་ཤེས་ལ་ཚད་མཐོའི་བསྟོད་བསྔགས་བྱེད་རྒྱུ་ཡིན་པ་དང་། འདིས་གནའ་བོའི་ཤར་ཕྱོགས་དཔལ་ཡོན་གྱི་བློ་རིག་མངོན་པར་མཚོན་ཞིང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་སྒྲོམ་གཞི་འོག་གི་འབྲེལ་མཐུད་མཐུན་སྦྱོར་དམ་ཟབ་ཏུ་གཏོང་འདོད་ཡོད།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུང་ཏི་ཝིན་ཙུང་ཐུང་ཨོ་ཨར་ཐ་ལ་གྲོས་མོལ་གནང་། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་བའི་ཚུལ་རེད།
གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་། ཞིང་ལས་དང་ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། མཁའ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་མིང་རྟགས་བཀོད་པར་བདེན་དཔང་གནང་།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏུང་ཏི་ཝིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་དགོས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཏུང་ཏི་ཝིན་ཙུང་ཐུང་ཨོ་ཨར་ཐ་ལ་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨོ་ཨར་ཐ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཨོ་ཨར་ཐ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཉིན་དེའི་ཉིན་གུང་གི་སྐབས་སུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཨོ་ཨར་ཐ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注