2024ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་འཁོར་རྣམ་གྲངས་ཞིབ་དཔྱད་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་།

ཟླ7པའི་ཚེས29ཉིན། 2024ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་འཁོར་རྣམ་གྲངས་ཞིབ་དཔྱད་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཏང་ཡོངས་དང་རྒྱལ་ཡོངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་གྱིན་ཡོད། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ལ་གཞི་འཛུགས་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་ཁེལ་བྱས་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གོང་དུ་སྤེལ་བའི་བཀོད་སྒྲིག་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་ལ་དམ་པོར་དམིགས་ནས་སྟོབས་ཤུགས་རྒྱ་ཁྱབ་ངང་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཞིབ་འཇུག་འགྲེལ་བཤད་སྤེལ་བ་དང་། ཀྲུང་གོའི་བསྒྱུར་བཅོས་ཀྱི་ངོས་འཛིན་རྣམ་བཤད་དང་བརྟག་ཐབས་སྨྲ་བའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་པོ་བཏོན་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དང་བསྒྱུར་བཅོས་སྒོ་དབྱེའི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རིག་གཞུང་གི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་གཏོང་རྒྱུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པར་ཆེས་རྩ་བར་གྱུར་པ་ནི་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་ཡིན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་གི་རྫས་འགྱུར་དང་དངོས་ལུགས་རིག་པའི་ཞིབ་འཇུག་འགྲེལ་བཤད་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། དེའི་ནང་འདུས་པའི་གནས་ལུགས་དང་རིག་པ། མཚན་ཉིད་རིག་པའི་གནས་ལུགས་གསལ་སྟོན་དང་རྒྱས་བཤད་གཏིང་ཟབ་བྱེད་དགོས་པ་མ་ཟད། ཤེས་བྱའི་སྐད་ཆ་དང་ཞིབ་འཇུག་གི་དཔེ་གཞི། རིག་གཞུང་རིགས་པའི་གཞུང་ལུགས་བཅས་སུ་བསྒྱུར་དགོས། རིག་གཞུང་གི་རང་རྟོན་དང་རིག་གཞུང་གི་འདུན་པ་སྲ་བརྟན་དུ་བཏང་ནས། ཀྲུང་གོའི་ས་གཞི་ཆེན་པོར་ཁ་ཕྱོགས་པ་དང་ཀྲུང་གོའི་རིག་གཞུང་ལ་གྲུབ་འབྲས་བསྐྲུན་ཏེ། ཧུར་ཐག་གིས་དུས་རབས་གསར་པའི་རིག་གཞུང་གི་དབུ་རྩེར་འཛེག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛམ་གླིང་གི་རིག་གཞུང་ནགས་ཚལ་དུ་ཀྲོང་ངེར་ལངས་ཐུབ་པར་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号