ལི་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ།

ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་རྗེས་ཕྱོགས་ཀྱི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་མཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་རྗེས་ཕྱོགས་ཀྱི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་མཉན།

བཞུགས་མོལ་ཚོགས་འདུའི་སྟེང་དབྱང་ཀྲི་ཡུང་དང་ཀྲུང་ཀྲིན་ཧྲིན། ཀྲའོ་ཀྲུང་ཞིའུ། མེའོ་ཡན་ལེང་། ཧྲའོ་ཐེན་ལན། ཀྲའོ་ཕིན། ཀྲིན་ཞུའེ་ཞོན། ཀྲང་ཧྲི་ཧྲུན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་། ཚང་མས་ད་ལོ་ནས་བཟུང་སྣེ་མང་རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་ཕྱིན་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་ངང་འཚར་ལོངས་དང་སྟོབས་ཆེར་ཕྱིན་ལ། གྲུབ་འབྲས་ནི་ལས་སླ་མོར་ཐོབ་པ་ཞིག་མིན་པར་འདོད། མིག་སྔར་སྔར་བཞིན་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་ཞིག་ལ་འཕྲད་ཡོད་མོད། འོན་ཀྱང་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་པ་དང་ཁྲོམ་རའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གཅིག་སྡུད་ཇེ་མང་དུ་འགྲོ་བཞིན་ཡོད། ཚང་མས་ད་དུང་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འགལ་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཆེད་མཁས་པ་དང་ཁེ་ལས་པའི་གཏམ་བཤད་ལ་ནན་ཏན་ངང་མཉན་རྗེས་ལི་ཆང་གིས་བསྟན་དོན། ད་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་གྲུབ་ཆ་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཡོད། དུས་མཚུངས་སུ་མིག་སྔའི་དཔལ་འབྱོར་འཕར་སྣོན་ཡོང་བར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྔོན་ཆད་ལས་རྙོག་འཛིང་ཆེ་བ་དང་། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་ཆེ་བའི་གནད་དོན་རྣམས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས་པ་གསལ་བོར་མཐོང་དགོས། དངོས་ཐོག་བདེན་འཚོལ་གྱིས་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། གྲུབ་འབྲས་མཐོང་ཐུབ་ལ་གནད་དོན་ལ་གཡོལ་ཐབས་ཀྱང་མི་བྱེད་པར་གནས་ཚུལ་ངོ་མ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་ལེགས་པར་བསྒྲུབ་དགོས། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་སྤྱི་ཁོག་སྲིད་ཇུས་སྔར་ལས་ལག་བསྟར་ཡག་པོ་བྱེད་པ་དང་། རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཆགས་པར་བྱེད་པ། སྲིད་ཇུས་ལག་བསྟར་གྱི་ཕན་ནུས་ཆེ་རུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་ཤུགས་སྣོན་རྒྱག་དགོས་ན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འཕར་སྣོན་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། མིག་སྔའི་ལག་རྩལ་རིམ་འཇུག་སྔར་ལས་མགྱོགས་པ་དང་། མགོ་རྟིང་སློག་པའི་རང་བཞིན་གྱི་གསར་གཏོད་སྔར་ལས་མང་བ། ཁྱབ་ཁོངས་ལས་བརྒལ་བའི་མཉམ་འདྲེས་སྔར་ལས་གཏིང་ཟབ་པ་སོགས་ཀྱི་ཁྱད་ཆོས་གསར་པ་དང་བསྟུན་ནས། ཁེ་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། འགག་རྩའི་ལྟེ་བའི་ལག་རྩལ་སྔར་ལས་མང་པོར་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། ལུགས་དང་མི་མཐུན་པའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ལེགས་པར་སྐུལ་སློང་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་པ། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གསར་གཏོད་ཐོན་ཁུངས་སྣ་ཚོགས་རྩ་འཛུགས་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱས་ཏེ། གསར་གཏོད་སྟོབས་ཤུགས་ཧ་ཅང་ཆེན་པོ་རྒྱུན་མཐུད་ངང་གློད་གྲོལ་གཏོང་དགོས།

ལི་ཆང་གིས་ཁེ་ལས་པ་ཚོས་ཡིད་ཆེས་བརྟན་པོ་དང་གསར་གཏོད་འཕེལ་རྒྱས་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཁེ་ལས་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་བ་དང་། དུས་མཚུངས་སུ་གནས་ཚུལ་ངོ་མ་མང་ཙམ་མཚོན་པ་དང་དངོས་སྒྲུབ་ཀྱི་གྲོས་འགོ་མང་ཙམ་འདོན་རྒྱུའི་རེ་བ་ཡོད། ཆེད་མཁས་པ་ཚོས་དམིགས་བསལ་གྱི་ཡོན་ཏན་འདོན་སྤེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་ཆོས་ཉིད་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་འཕེལ་རྒྱས་ལ་སྔར་ལས་མང་པོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བཏོན།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号