ལྷ་སའི་ཟ་ཁང་དང་ཇ་ཁང་འདི་དག་ལ་ཞིབ་བཤེར་བྱས་འདུག

ཉིན་ཤས་གོང་། གྲོང་མི་ཞིག་གིས་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་མེ་ཏོག་ལྡུམ་རCཁུལ་ཉེ་འགྲམ་གྱི་ཟ་ཁང་ཞིག་ཏུ་བཟའ་བཅའི་རྒྱུ་ཆ་འཇོག་སྟངས་ཚད་ལྡན་མེད་པ་དང་གཙང་སྦྲ་ཧ་ཅང་ཞན་པོ་འདུག་ཅེས་བརྗོད་པས། ཟླ6ཚེས30ཉིན། གསར་འགོད་པ་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣ་དང་མཉམ་དུ་གྲོང་མིས་བརྗོད་པའི་ཟ་ཁང་དེར་བསྐྱོད་པ་ཡིན། ཟ་ཁང་དེས་དུས་རྒྱུན་རྩིབ་མ་བསྙལ་མ་འཚོང་གི་ཡོད་ལ། ཞོར་དུ་བསྲེགས་ཟས་དང་སིལ་ཟས་ཀྱང་འཚོང་གི་ཡོད་པ་རེད། ཁྲིམས་སྒྱུར་མི་སྣས་ཞིབ་བཤེར་བྱེད་སྐབས་ཟ་ཁང་གི་བསྲེགས་ཟས་རྒྱུ་ཆ་ཚང་མ་འཁྱགས་སྒམ་དུ་གྲལ་འགྲིག་པོས་བླུགས་ཡོད་པ་མ་ཟད། ཤ་དང་ཚལ་གྱི་རིགས་འགྱིག་ཤོག་གིས་བཏུམས་ཏེ་ཁག་དབྱེ་ནས་བཞག་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཡིན་ནའང་འཁྱགས་སྒམ་ནང་བླུགས་པའི་རྩིབ་མ་བསྙལ་མ་དང་ཕག་སུག་སོགས་ལ་འབྲེལ་ཡོད་ཀྱི་སྤ་སེ་དང་བཟའ་བཅའི་ཞིབ་བཤེར་ཚད་ལོན་སྤ་སེ་སྟོན་རྒྱུ་མེད་ལ། ཐུམ་སྒྲིལ་ཐོག་ཐོན་སྐྱེད་ཀྱི་ཆ་འཕྲིན་གང་ཡང་མེད་པ་རེད། དེའི་ཐད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཟ་ཁང་དེའི་འགན་འཁུར་བར་བཟའ་བཅའི་རྒྱུ་ཆར་འབྲེལ་ཡོད་སྤ་སེ་དགོས་པ་དང་རྒྱུ་ཆ་འཐེན་སྐབས་ཐོ་གསལ་པོ་འགོད་དགོས་པ་དང་ཆབས་ཅིག་ཐབ་ཚང་གི་གཙང་སྦྲའང་ཡག་པོ་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་རེད། 

ཁྲིམས་སྒྱུར་མི་སྣས་ཟ་ཁང་དེའི་བཟའ་བཅའི་རྒྱུ་ཆར་སྤ་སེ་ཡོད་མེད་ལྟ་བཞིན་པ།

ཁྲིམས་སྒྱུར་མི་སྣས་ཟ་ཁང་དེའི་བཟའ་བཅའ་ཐོན་སྐྱེད་ཀྱི་ཆ་འཕྲིན་ལ་ལྟ་བཞིན་པ།

དེ་རྗེས་ཉེ་འགྲམ་གྱི་ཟ་ཁང་ལ་ཟུར་བཤེར་ཡང་བྱས་པ་རེད། 

བདེ་ཆེན་ལྷན་འཛོམས་ཇ་ཁང་དུ། ཁྲིམས་སྒྱུར་མི་སྣས་ཞིབ་བཤེར་བྱེད་སྐབས་ཟ་ཁང་དེའི་ཐབ་ཚང་གི་གད་སྙིགས་བླུག་སྣོད་ཀྱི་ཁེབས་གཅོད་བརྒྱབ་མེད་པ་དང་། གཡོས་སྦྱོར་བྱེད་སར་ཁ་པར་སོགས་ཅ་དངོས་བཞག་ཡོད་པ། ཐབ་ཚང་གི་སྒེའུ་ཁུང“སྦྲང་འགོག་རྡུལ་འགོག་བྱི་འགོག”གི་བླང་བྱ་དང་མཐུན་མེད་པ་སོགས་ཀྱི་གནད་དོན་ཡོད་པས་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གཅེན་མོ་ཏེང་གི་ཏན་ཏན་ཐུག་པ་ཞེས་པའི་ལྷ་སའི་ཟ་ཁང་ཨ་མར་ཁྲིམས་སྒྱུར་མི་སྣས་ཞིབ་བཤེར་བྱེད་སྐབས། ཟ་ཁང་དེའི་ཞབས་ཞུ་བ་ཞིག་ལ་བདེ་ཐང་དཔང་ཡིག་མེད་པ་དང་། ཞབས་ཞུ་བ་གཉིས་ཀྱི་བདེ་ཐང་དཔང་ཡིག་གི་དུས་ཚོད་སྔ་ས་ནས་ཡོལ་བ་ཤེས་རྟོགས་བྱུང་བ་རེད། གཞན་ཡང་། ཟ་ཁང་དེའི་ཐབ་ཚང་ནང་ད་དུང་གཅེས་ཉར་སྲོག་ཆགས་གསོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་ཐད་ཁྲིམས་སྒྱུར་མི་སྣས་འཕྲལ་དུ་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཡི་གེ་སྤྲད་པ་མ་ཟད། ཚོང་གཉེར་པས་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号