ཧན་ཧུང་གཅེས་སེམས་ཚོགས་པས་ཐེངས་དྲུག་པར་བོད་དུ་བསྐྱོད་དེ་སྨན་བཅོས་རོགས་སྐྱོར་བྱས་པ།

ཉེ་ཆར། “ཧན་ཧུང་གི་གཅེས་སེམས་ཏེ། བོད་ལ་བརྩེ་སེམས་བཅངས་ནས་སླར་ཡང་བྱ་སྤྱོད་སྤེལ་བའི”ཞལ་འདེབས་མཛད་སྒོ་ལྷ་སར་འཚོགས་ཤིང་། པེ་ཅིང་ཧན་ཧུང་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལ་བསྡོམས་སྒོར་ཁྲི800ལྷག་ཙམ་རི་བའི་རྣམ་གྲངས་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། དེ་དག་ཁྲོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་རྡལ་གྱི་གཞི་རིམ་སྨན་ཁང་ཁག་ལ་ནད་པ་སྐྱེལ་བའི་སྲོག་སྐྱོབ་རླངས་འཁོར40དང་། གྲོང་གསེབ་ཀྱི་སྨན་པ་ཁག་ལ་སྐོར་སྐྱོད་སྨན་བཅོས་ཁུག་མ500ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི“བསྐྱར་མཐོང་ལྟེ་གནས”ལ་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་མ་ཟད་ད་དུང་སྐྱ་གྲིབ་ནད་པ250ཡི་སྐྱ་གྲིབ་གཤགས་བཅོས་ལ་རྒྱབ་སྐྱོར་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་ལ་མིག་བདེ་ཐང་ལྟེ་གནས2རོགས་སྐྲུན་བྱས་པ་དང་འབྲེལ་སློབ་མར་མིག་ཤེལ་སྒྲིག་ཉོ་བྱས་པ་སོགས་ཚུད་ཡོད་པ་རེད།

2011ལོ་ནས་ད་བར་ཏུ། ཧན་ཧུང་གཅེས་སེམས་ཚོགས་པས་བོད་དུ་ཐེངས་དྲུག་བསྐྱོད་དེ་སྨན་བཅོས་རོགས་སྐྱོར་བྱས་ནས། རང་ལྗོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྲོག་སྐྱོབ་རླངས་འཁོར་དང་། མྱུར་བཅོས་སྒྲིག་ཆས། གཤགས་བཅོས་སྒྲིག་ཆས་སོགས་བསྡོམས་སྒོར་ཁྲི4000ལྷག་རི་བ་ཞལ་འདེབས་བརྒྱབ་ཡོད་པ་རེད།

ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་འཇམ་དབྱངས་མཁས་གྲུབ་ཀྱིས། སྲོག་སྐྱོབ་རླངས་འཁོར་དང་སྒྲིག་བཀོད་སྒྲིག་ཆས་ལ་གཅེས་སྤྲས་ཡག་པོ་བྱས་ཐོག་ཚན་རིག་དང་མཐུན་པར་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ནས། དེ་དག་གི་སྨན་བཅོས་མྱུར་སྐྱོབ་ནུས་པ་འདོན་སྤེལ་གང་ཐུབ་བྱེད་ངེས་ཡིན་ཞེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号