ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སྐབས་བཅོ་བརྒྱད་པའི་རྨ་ཆེན་འགྲན་ཁུལ་གྱི་འགྲན་སྡུར་མགོ་བརྩམས་པ།

ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སྐབས་བཅོ་བརྒྱད་པའི་རྨ་ཆེན་འགྲན་ཁུལ་གྱི་འགྲན་སྡུར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་མགོ་བརྩམས།

རྨ་ཆེན་འགྲན་ཁུལ་གྱི་སྔོན་འགྲན་ནི་འགྲན་ཞུགས་པའི་ལོ་ཚོད་ལྟར་ཕོ་མོའི་ཚན་ཆུང་དྲུག་བཙུགས་པ་དང་། སྔོན་འགྲན་སྐབས་སུ་ཆུའི་དྲོད་གྲང12.9℃ཡིན་ལ། ཆུ་རྒྱུན་གྱི་བཞུར་འགྲོས་ཆེ་ཤོས2.62m/sཡིན། འགྲན་ཞུགས་པ་རྣམས་ཀྱི་ཛ་དྲག་གི་འགྲན་སྡུར་བརྒྱུད། རྭ་རྒྱ་འགྲན་ཁུལ་གྱི་སྨི500ཡི་མྱུར་འགྲན་སྔོན་འགྲན་དུམ་མཚམས་ཀྱི་འགྲན་སྡུར་ལེགས་འགྲུབ་བྱུང་། ཚེས19ཉིན་འགྲན་སྡུར་ཚན་ཆུང་གིས་འགྲན་ཞུགས་པའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར་རྟིང་རྩོད་ལ་ཞུགས་པའི་མིང་ཐོག་གཏན་ལ་ཕབ།

ད་ལོ་ནི་རྭ་རྒྱ་གྲོང་རྡལ་གྱིས་འགྲན་སྡུར་འདི་སྒྲུབ་འགན་འཁུར་བའི་ལོ་གསུམ་པ་ཡིན་ལ། དུས་མཚུངས་སུ་རྭ་རྒྱ་དུམ་མཚམས་ཀྱི་འགྲན་སྡུར་ནི་འགྲན་སྡུར་སྤྱིའི་ཁྲོད་འགྲན་སློང་རང་བཞིན་ཆེ་ཤོས་དང་དཀའ་ཁག་ཆེ་ཤོས་ཀྱི་འགྲན་ཁུལ་ཞིག་ཡིན། སྤྱིའི་ཤན་འབྱེད་དཔོན་ཀྲོའུ་ཡུས་ཁྲེན་གྱིས་ངོ་སྤྲད་པ་ལྟར་ན། རྭ་རྒྱ་འགྲན་ཁུལ་གྱི་མཚོ་འཕགས་སྨི3100ཡོད་པ་དང་། ཆུའི་དྲོད་གྲང་དམའ། ཆར་བབས་པའི་རྐྱེན་གྱིས་ཆུའི་བཞུར་རྒྱུན་མགྱོགས་པ་བཅས་ཀྱིས། འགྲན་ཞུགས་པའི་རྨ་ཆུར་འགྲན་སློང་བའི་དཀའ་ཁག་ཆེར་ཕྱིན་པ་དང་། མཚོ་འཕགས་མཐོན་པོས་རུ་མིའི་ལུས་ཕུང་དང་སེམས་ཁམས་བྱང་ཚད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། དེ་བས་འགྲན་མཚམས་འདི་ནི་རྨ་ཆུར་རྐྱལ་བའི་རྩེས་སོན་འགྲན་སྡུར་ཁྲོད་མཚོ་འཕགས་མཐོ་ཤོས་དང་དཀའ་ཁག་ཆེ་ཤོས་ཀྱི་འགྲན་ཁུལ་ཞིག་ཡིན་ལ། འཛམ་གླིང་སྤྱི་བསྒྲགས་ཆུ་ཁོངས་ཆུ་རྐྱལ་འགྲན་སྡུར་ཁྲོད་དུ་ཡང་མཛུབ་མོའི་ནང་གི་མཐེབ་བོང་ལྟ་བུའི་འགྲན་ཁུལ་ཞིག་ཡིན། འགྲན་སྡུར་འགྲན་རིམ་ནི་མཚོ་འཕགས་སྨི1800ཡོད་པའི་ཡ་རྫི་འགྲན་ཁུལ་དང་སྨི2200ཡོད་པའི་ཁྲི་ཀའི་འགྲན་ཁུལ། དེ་ནས་མིག་སྔར་གྱི་སྨི3100ཡོད་པའི་རྭ་རྒྱའི་འགྲན་ཁུལ་བར། སྐར་རིམ་རྣམ་པའི་ཡར་འཕར་སྤྱད་པ་ནི་འགྲན་ཞུགས་པ་རྣམས་རིམ་བཞིན་མཚོ་འཕགས་མཐོན་པོར་འཚམ་པར་བྱེད་པ་དང་། བདེ་འཇགས་ཀྱི་གནས་ཚུལ་འོག་ཉམས་འགྱུར་ཆེས་བཟང་པོའི་ཐོག་ནས་དཀའ་ཁག་ཆེ་ཤོས་ཀྱི་འགྲན་སློང་ལེགས་སྒྲུབ་ལ་ཁག་ཐེག་བྱ་རྒྱུའི་ཆེད་དུ་ཡིན།

རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྨ་ཆེན་རྫོང་གིས་ཁྱད་ལྡན་ལུས་རྩལ་རིག་གནས་ཐོན་ལས་འབད་པས་གསོ་སྐྱོང་བྱས་པ་དང་། ལུས་རྩལ་ལ་སྐུལ་འདེད་གཏོང་བ་དེ་སྐྱེ་ཁམས་དང་ཡུལ་སྐོར། རིག་གནས་དང་འདྲེས་སྦྱོར་ཟབ་མོ་བྱེད་པ་རིག་གནས་ཡུལ་སྐོར་ཐོན་ལས་གསོ་སྐྱོང་མཐོར་འདེགས་གཏོང་བའི་བརྒྱུད་ལམ་གལ་ཆེན་དུ་བརྩི་བ། 2014ལོ་ནས2019ལོའི་བར་ཨ་མྱེས་རྨ་ཆེན་གོམ་བགྲོད་ཐང་གཅོད་འགྲན་སྡུར་ལེགས་པར་སྤེལ། ད་ལོ་ནི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་བསྟུད་མར་སྒྲུབ་འགན་འཁུར་བའི་ལོ་གསུམ་པ་ཡིན་ལ། འདི་དག་ཚང་མ་ནི་རྨ་ཆེན་རྫོང་རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཆེ་ཕྱོགས་ལ་འདྲེས་སུ་བཅུག་པ་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཆེས་ལེགས་པའི་བདེན་དཔང་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号