ལི་ཞི་ཡིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་ཕོ་ཉའམ་ཕྱི་འབྲེལ་པུའུ་ཀྲང་ལའོ་ཏི་ལི་ཀེ་སི་ལ་ཐུག་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚེས7ཉིན་པེ་ཅིན་དུ་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་ཕོ་ཉའམ་ཕྱི་འབྲེལ་པུའུ་ཀྲང་ལའོ་ཏི་ལི་ཀེ་སི་ལ་ཐུག་འཕྲད་གནང་།

ཟླ6པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་པེ་ཅིན་དུ་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་ཕོ་ཉའམ་ཕྱི་འབྲེལ་པུའུ་ཀྲང་ལའོ་ཏི་ལི་ཀེ་སི་ལ་ཐུག་འཕྲད་གནང་།

ལི་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡ་སི-ཁ་ནེ་ཨར་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཁུ་པ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་དང་བློ་མཐུན་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁུ་པ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ལི་ཞི་ཡིས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་གནང་།

ལའོ་ཏི་ལི་ཀེ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་ནུས་ལྡན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱས་ནས་ཁུ་པ་དང་ཀྲུང་གོའི་མཛའ་བརྩེ་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号