ཝང་ཧུའུ་ཉིང་གིས་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ལ་ཐུག་འཕྲད་གནང་བ།

པར་འདི་ནི་ཟླ6པའི་ཚེས7ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ཟླ6པའི་ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ལ་ཐུག་འཕྲད་གནང་། 

ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་གི་ཟླ9པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མ་ཏུའུ་ལུའོ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་ཝེ་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བར་རིམ་སྤར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་རབས་གསར་བ་ཞིག་ཏུ་བསྐྱོད་པར་སྣེ་ཁྲིད་བྱ་རྒྱུའི་ཁྱབ་བསྒྲགས་བྱས། ཀྲུང་གོས་ཝེ་ནེ་ཙུའེ་ལ་དང་མཉམ་དུ་ཀྲུང་ཝེ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་དེ་མགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་རྣམས་ཀྲུང་ཝེ་མཛའ་གྲོགས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་བར་གྱི་འབྲེལ་བ་སྔར་ལས་མཛེས་སྡུག་ལྡན་པའི་ལོ་ངོ50གཏོད་རྒྱུ་དང་། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་ཝེ་མཉམ་ལས་ལ་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་དྲང་ནུས་མང་པོ་གཅིག་སྡུད་བྱ་འདོད་ཡོད་ཅེས་བསྟན། 

ཞི་ཨར་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་སྣེ་ཁྲིད་འོག ཝེ་ཀྲུང་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་བཟང་དུ་སླེབས་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་མགོ་གལ་ཆེན་རབ་དང་རིམ་པ་བཏོན་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། མུ་མཐུད་དུ་ཆེས་བློས་ཐུབ་ཀྱི་གྲོགས་པོ་སྒྲིག་ནས། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་བྱས་ཤིང་ལག་གདང་མཉམ་སྦྲེལ་སྒོས་ཝེ་ནེ་ཙུའེ་ལ་དང་ཀྲུང་གོ་བར་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཝང་ཏུང་ཧྥུན་སོགས་ཐུག་འཕྲད་ནང་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号