རྒྱུག་ཤར་གློད་ཐུབ་པའི་འཕྲུལ་མི།

ད་ལོའི་ཟླ་བ་བཞི་པར་པེ་ཅིང་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་ཀྱིས“ཐེན་ཀུང”ཞེས་པའི་མི་གཟུགས་འཕྲུལ་མི་ཞིག་ཡོངས་བསྒྲགས་བྱས་ཤིང་། གོ་ལ་ཧྲིལ་པོའི་གློག་རྐྱང་པའི་སྒུལ་ནུས་ཀྱི་མིའི་གཟུགས་ཚད་དང་མཉམ་པའི་མི་གཟུགས་འཕྲུལ་མི་ཐོག་མ་དེས་མི་ནང་བཞིན་རྒྱུག་ཤར་གློད་ཐུབ་ཀྱི་ཡོད་པ་རེད།

འཕྲུལ་མི་ཡང་མི་ནང་བཞིན་རྒྱུག་ཤར་གློད་ཐུབ་པ་བྱེད་རྒྱུ་དེ་ད་ཆ་པེ་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(པེ་ཅིང་དབྱི་ཀྲོང)དུ་མངོན་འགྱུར་བྱུང་ཡོད།

གྱེན་ལ་འཛེགས་པ་དང་། སྐས་ལ་འཛེགས་པ། འགོམ་པ་་སོགས་ཀྱི་བྱ་བ་དེ་དག་རིང་ཚད་ལ་སྨི་1.63དང་ལྗིད་ཚད་ལ་སྤྱི་རྒྱ་43ཟིན་པའི་འཕྲུལ་མི“ཐེན་ཀུང”གི་ངོས་ནས་བརྗོད་ཚེ་ལས་སླ་པོར་གྱུར་ཡོད། ཞིབ་པར་བལྟས་ཚེ། འཕྲུལ་མི“ཐེན་ཀུང”གི་གོམ་བགྲོད་དེ་མཉེན་ཞིང་མཛེས་པ་ཞིག་ཡོད། “ང་ཚོས་འཕྲུལ་མི‘ཐེན་ཀུང’ལ་སྦྱོང་བརྡར་སྤྲོས་སྐབས་གཞི་འཛིན་སའི་གྲངས་གཞི་དག་བུད་མེད་ནས་བསྡུས་པ་ཡིན”ཞེས་པེ་ཅིང་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་རྒྱང་རིང་ཚོད་འཛིན་རྩིས་ཐབས་བཟོ་སྐྲུན་ཆེ་མོ་བ་ཧོང་ཡུང་ཧྲན་གྱིས་ངོ་སྤྲོད་བྱས་ཤིང་། དེ་ནི་རང་རྟེན་ཞིབ་སྤེལ་བྱས་པའི་སློབ་སྦྱོང་བྱ་ཐབས་གསར་རྐྱང་ཞིག་རེད་ཅེས་ཁོང་གིས་བཤད།

པེ་ཅིང་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཁྲོན་ཅིས། ཟླ་དྲུག་པར། ལྟེ་གནས་དེ་ཀྲུང་ཀོན་ཚུན(དབྱི་ཀྲོང)རྒྱལ་སྤྱིའི་འཕྲུལ་མི་ཐོན་ལས་གླིང་གི་གནས་ཡུལ་གསར་པར་སྤོ་རྒྱུ་ཡིན་ཞིང་། དེར“ཐོག་སོ་17དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.4ཡོད་པས། ད་ལྟའི་འདི་ལས་ལྡབ་10ཡིས་ཆེ་བ་ཡོད”ཅེས་བཤད་པ་དང་། ཁོང་གིས་ཟླ་བཞི་པའི་ཟླ་མཇུག་ཏུ་ཡོའུ་པི་ཞོན་མི་གཟུགས་འཕྲུལ་མིའི་སྤྱི་ཁྱབ་པུའུ་གླིང་ཁུལ་དེར་དངོས་སུ་བཅའ་སྡོད་བྱས་པ་དང་། སླད་ཕྱིན་མི་གཟུགས་འཕྲུལ་མིའི་ཁེ་ལས་དེ་བས་མང་བ་དེར་བཅའ་སྡོད་བྱ་རྒྱུ་ཡིན་ལུགས་བརྗོད།

གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་མི་གཟུགས་འཕྲུལ་མིར་ཞིབ་འཇུག་བྱ་རྒྱུ་དེ་དུས་རབས་གོང་མའི་ལོ་རབས་70པ་ནས་འགོ་ཚུགས་ཏེ་ད་ཆ་སྔར་བས་ཞིབ་འཇུག་བྱེད་མང་དུ་ཕྱིན་ཡོད།

2023ལོར་བཟོ་ལས་དང་ཆ་འཕྲིན་ཅན་པུས་ཡོངས་བསྒྲགས་བྱས་པའི《མི་གཟུགས་འཕྲུལ་མི་གསར་གཏོད་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་འཆར》ནང་། “མི་གཟུགས་འཕྲུལ་མིར་མི་བཟོས་རིག་ནུས་དང་། བཟོ་སྐྲུན་རྩེ་གྲ རྒྱུ་ཆ་གསར་པ་སོགས་སྔོན་ཐོན་གྱི་ལག་རྩལ་འདུས་ཡོད་པས་རྩིས་འཁོར་དང་། རིག་ནུས་ལག་ཐོགས་ཁ་པར། ནུས་རྒྱུ་གསར་པའི་རླངས་འཁོར་བཅས་རྗེས་ཀྱི་ཐོན་རྫས་ཡ་མེད་ཅིག་ཆགས་བཟོ་ཡོད་པ་དང་། དེས་མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་གཏིང་ཟབ་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་སླར་ཡང་གཏོད་རྒྱུ་རེད་ཅེས་འཁོད་ཡོད། མཛུབ་ཁྲིད་བསམ་འཆར་ནང་ད་དུང་། 2025ལོར་སླེབས་སྐབས་མི་གཟུགས་འཕྲུལ་མིའི་གསར་གཏོད་མ་ལག་རགས་ཙམ་ཆགས་ནས“ཀླད་ཆེན་དང་། ཀླད་ཆུང་། རྐང་ལག”སོགས་འགག་རྩའི་ལག་རྩལ་ཁག་གཅིག་ལ་ཚད་བརྒལ་བྱུང་སྟེ་ལྟེ་བའི་ལྷུ་ལག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་ཐུབ་རྒྱུ་ཡིན་ལུགས་འཁོད་ཡོད།

པེ་ཅིང་དབྱི་ཀྲོང་དུ། འཕྲུལ་མི“ཐེན་ཀུང”རྒྱུག་ཤར་གློད་ཐུབ་པ་བྱུང་བ་ཙམ་མ་ཟད། མི་གཟུགས་འཕྲུལ་མིའི་ཁྱབ་ཁོངས་ཧྲིལ་པོ་ཚང་མར་འགྱུར་ལྡོག་མྱུར་པོ་འབྱུང་བཞིན་ཡོད་པ་སྟེ། 2023ལོའི་ཟླ་བཅུ་གཅིག་པར། རྒྱལ་ནང་གི་ཞིང་ཆེན་རིམ་པའི་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་ཐོག་མ་སྟེ། པེ་ཅིང་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་བཙུགས་པ་དང་། ལོ་དེའི་ལོ་མཇུག་ཏུ་པེ་ཅིང་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་མ་འཇོག་ཐེབས་རྩའང་དོན་འཁྱོལ་བྱུང་བ། 2024ལོའི་ཟླ་བཞི་པར་པེ་ཅིང་མི་གཟུགས་འཕྲུལ་མིའི་ཐོན་ལས་མནའ་འབྲེལ་བཙུགས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号