རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་བཅུ་བཞི་ཡིས“ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུ”དཀྱིལ་སྙིང་དུ་བཟུང་ནས་ཚོགས་ཆེན་སྟེང་གཏམ་བཤད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

རྒྱུན་ལས་ཨུ་ཡོན་དབྱི་ཀང་གིས་ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཝང་ཀྲི་ཀང་གིས་ཚན་རྩལ་གསར་གཏོད་མ་ལག་གི་རྩེ་རིམ་ཇུས་འགོད་དང་འཇོན་མིའི་འགག་རྩའི་ནུས་པ་སྔར་ལས་མངོན་གསལ་ཅན་དུ་བཏང་ནས། རྒྱལ་སྤྱི་དང་ས་ཁོངས་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲང་ལེན་ཆི་ཡིས་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དམངས་འཚོའི་བདེ་སྐྱིད་སྔར་ལས་ཇེ་ཆེར་གཏོང་རྒྱུ་དང་། མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཅང་ཨེར་ཞུང་གིས་ཐའེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། གཞི་གྲངས་ཐོན་དབང་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནུས་ཆེའི་འཁོར་རྒྱུག་ལ་སྐུལ་འདེད་བཏང་སྟེ། དངོས་ཕུང་དཔལ་འབྱོར་ལ་སྔར་ལས་ནུས་པ་སྩོལ་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཞེ་ཏུང་གིས་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། སྤྱི་ཁོག་སྲིད་ཇུས་ཀྱི་མཉམ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་བསྣན་ཏེ། འཛད་སྤྱོད་དང་དངུལ་གཏོང་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་གྲུབ་པར་འབད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲང་ཀྲིན་ཡུས་ཀྱིས་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་པ། དམངས་གཉེར་ཁེ་ལས་ཀྱིས་ཁྱབ་ཁོངས་གསར་པ་དང་ལག་རྩལ་གསར་པ། ཁྲོམ་ར་གསར་པ་བཅས་འཚོལ་ཞིབ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་འདོན་རྒྱུའི་གྲོས་གཞི་བཏོན།  རྒྱུན་ལས་ཨུ་ཡོན་ཀུ་ཧུའེ་པའོ་ཡིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། ཡོང་འབབ་བགོ་བཤའི་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་དུ་བཏང་ནས། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་འཕར་རྒྱུ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་སྟེ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་པིས་ཅིན་ཆོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཅན་གྱི་ལོ་ལོན་རྒན་པའི་སྨན་བཅོས་འགན་སྲུང་ལམ་ལུགས་འཚོལ་ཞིབ་བྱས་ནས་དངོས་སུ་བསྐྲུན་ཏེ། ལོ་ལོན་ཅན་གྱི་སྤྱི་ཚོགས་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲང་ཁོན་ཧྲོའུ་ཡིས་གཞི་རྩའི་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། སྨན་བཅོས་འགན་སྲུང་དང་སྨན་བཅོས། སྨན་རྫས་དང་སྨན་བཅོས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།  རྒྱུན་ལས་ཨུ་ཡོན་ཆན་ཁི་མེན་གྱིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་གེགས་མེད་འཁོར་རྒྱུག་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་མཐུན་སྦྱོར་ཡག་པོ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཁྲིན་ཡུང་པོ་ཡིས་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་ཐོབ་ཆོག་པའི་རང་བཞིན་དང་ཁྱབ་ཁོངས། སྟབས་བདེ་རང་བཞིན་བཅས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། འབྲུ་རིགས་འདེབས་པའི་ཞིང་པའི་ཡིད་ཆེས་བརྟན་པོ་ཡོང་བར་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲང་ཨེན་ཏིས་ཀྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ལམ་ལུགས་གསར་གཏོད་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་རྣམ་པ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀའོ་ཧྥུན་གྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གཏམ་བཤད་དེ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཟུང་འབྲེལ་བྱས་ནས་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཚའེ་ཀོན་ཧྲིན་གྱིས་ཞང་ཀང་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ།  ཀྲོའུ་ཆང་། ཧོ་ཧི་ཧྭ། ལེའང་ཀྲིན་དབྱིན། པ་ཐེར། སུའུ་ཧུའེ། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཙུའོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号