ཀྲའོ་ལེ་ཅི་ཡིས་ཧི་པའེ་རུ་རྟོག་ཞིབ་གནང་བ།

ཟླ6པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧི་པའེ་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། དམངས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་ཀྱི་ལྡོག་མེད་ཆོས་ཉིད་དང་དགེ་མཚན་ཕན་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ནས། ལམ་ལུགས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོར་སྒྲུབ་དགོས།

ཟླ6པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧི་པའེ་རུ་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས2ཉིན། ཀྲའོ་ལེ་ཅི་ཡིས་ཧི་པའེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧན་ཧྲན་ཆུས་ཧྥུའུ་ཏུང་སྲང་ལམ་ཞི་བདེ་གཞིས་ཁུལ་ཤར་མ་ནས་རྟོག་ཞིབ་གནང་བའི་ཚུལ་རེད།

ཀྲའོ་ལེ་ཅི་སྔ་རྗེས་སུ་ཧན་ཏན་དང་ཞིན་ཐའེ། ཧྲི་ཅ་ཀྲོང་སོགས་ས་ཁུལ་དུ་ཕེབས་ནས། གཞིས་ཁུལ་དང་ཁེ་ལས། གྲོང་གསེབ། ཞིང་ཁྱིམ་བཅས་སུ་བསྐྱོད་དེ། དམངས་ཆེན་འཐུས་མི་དང་མང་ཚོགས་ལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། མངས་ཆེན་ལམ་ལུགས་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། དམངས་ཆེན་ལས་དོན་གྱིས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རང་རྟོགས་སྒོས་ལག་བསྟར་དང་འཕེལ་རྒྱས་གཏོང་དགོས་པ་དང་། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པ། དེར་སྲུང་སྐྱོབ་ཡག་པོ་བྱེད་པ། དེ་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱ་རྒྱུ་དེ་ནི་གཞི་འཛིན་ས་དང་རྐང་འཛུགས་སར་བརྩི་དགོས། “འབྲེལ་གཏུག་གཉིས”དེ་གཞི་འཛིན་སར་བརྩིས་ནས་འཐུས་མིའི་ལས་དོན་ཟབ་སྤེལ་གཏོང་བ་དང་། འཐུས་མིའི་ཁྱིམ་ཚང་དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་བེད་སྤྱོད་ཡག་པོ་བྱས་ཏེ། འཐུས་མིའི་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། དམངས་ཆེན་འཐུས་མིས་ཁྲིམས་བཀོད་འགན་འཁྲི་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཏུ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་དམ་པོར་དམིགས་ཏེ་མང་ཚོགས་དང་འབྲེལ་གཏུག་མང་ཙམ་བྱེད་པ་དང་གྲོས་མོལ་མང་ཙམ་བྱེད་པ། སྲིད་གཞུང་སྡེ་ཁག་དང་འབྲེལ་ཡོད་ཕྱོགས་བར་མཉམ་ལས་གཞོགས་འདེགས་གང་མང་བྱས་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཟམ་པ་ཡག་པོ་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ལས་ཁུངས་སུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པའི་དམངས་ཆེན་བྱ་བ་ཡག་པོ་སྒྲུབ་པར་ངེས་པར་དུ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་། “སྲུང་སྐྱོང་གཉིས”རང་རྟོགས་ངང་སྒྲུབ་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་གང་ཐུབ་བྱེད་དགོས། ཕྱོགས་སྡོམ་དང་རྒྱུན་འཛིན། སྔར་ལས་འཐུས་ཚང་དུ་གཏོང་བ། མཐོར་འདེགས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ་དང་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། དམངས་ཆེན་ལས་དོན་གྱི་བསམ་བཀོད་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་གང་ལེགས་བྱས་ཏེ། གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་འབད་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟེ་བ་དང་གཙོ་གནད་འབུར་དུ་ཐོན་པར་དམིགས་ཏེ། བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་འབད་བརྩོན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དམངས་ཆེན་གྱི་འགན་འཁྲི་དང་གནས་བབ་གཏན་འཁེལ་ཡང་དག་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་དམངས་ཆེན་གྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་མངོན་གསལ་ཅན་ལ་དམ་པོར་དམིགས་ཏེ། གཅིག་གྱུར་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ལ་ཇུས་འགོད་དང་ཟབ་སྤེལ་གཏོང་དགོས། ས་གནས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཐད་ནས། ས་གནས་ཏང་ཨུས་ཏང་ཀྲུང་དབྱང་གི་སྲིད་དོན་ཆེན་པོ་དང་བྱེད་ཕྱོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ཡོང་བར་དམ་པོར་དམིགས་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས།

ཟླ6པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧི་པའེ་རུ་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས3ཉིན། ཀྲའོ་ལེ་ཅི་ཡིས་ཧི་པའེ་ཞིང་ཆེན་ཞིང་ཆེན་ཞིན་ཐའེ་གྲོང་ཁྱེར་ཞིན་ཏུའུ་ཆུས་དབྱང་ཧྥན་གྲོང་རྡལ་ཆི་སྡེ་བའི་ཞིང་ཁྱིམ་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཀྲའོ་ལེ་ཅི་ཡིས་ཧི་པའེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ་མ་ཟད། དམངས་ཆེན་ལམ་ལུགས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས། ཁོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་རྒྱལ་ཡོངས་དམངས་ཆེན་ཆེན་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོ་ཡིན་པས། རང་རྒྱལ་གྱིས་དམངས་ཆེན་ལམ་ལུགས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་སྔར་ལས་ཞིབ་འཇུག་དང་འགྲེལ་བཤད་ཡག་པོ་བརྒྱབ་སྟེ། དམངས་ཆེན་ལམ་ལུགས་འཛུགས་སྐྲུན་དང་དམངས་ཆེན་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ནས། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་འཐུས་ཚང་ཡག་པོ་གཏོང་བ། འཁོར་སྐྱོད་ཡག་པོ་ཡོང་བར་མཐའ་གཅིག་ཏུ་འབད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号