ཀྲའོ་ལེ་ཅི་ཡིས་ཨ་ལེན་ཆིའུ་ཙུང་ཐུང་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་གནང་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས30ཉིན་པེ་ཅིན་དུ་ཨ་ལེན་ཆིའུ་ཙུང་ཐུང་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་གནང་།

ཟླ5པའི་ཚེས30ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཨ་ལེན་ཆིའུ་ཙུང་ཐུང་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མའོ་ཏི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨ་འབྲེལ་བ་ཕྱོགས་ཡོངས་དང་མགྱོགས་མྱུར། གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་བར་སླེབས། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར40ལོན་པའི་ལོ་ཡིན། ཀྲུང་གོས་ཨ་ལེན་ཆིའུ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཆབ་སྲིད་ཡིད་རྟོན་སྲ་བརྟན་དང་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་དང་། མཚོ་འགག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་བར་གྱི་གཅིག་སྡུད་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད། ཀྲུང་ཨ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་ལེན་ཆིའུ་རྒྱལ་དམངས་གྲོས་ཁང་དང་མཉམ་དུ་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཨ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཅིང་སྲ་བརྟན་ཡིན་ལ། དེས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཡོད། ཨ་ལེན་ཆིའུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ཀྱི་ནུས་ལྡན་དང་གསོན་ཉམས་དོད་པོའི་རོགས་ཟླར་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞའོ་ཅེ་ཐུག་འཕྲད་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号