ཧན་ཀྲིན་གྱིས་ཨུ་རུ་སུ་དཀར་པོའི་རྒྱལ་དམངས་གྲོས་ཁང་སྤྱི་མཐུན་རྒྱལ་ཁབ་ཁང་གི་ཀྲུའུ་ཞི་ཁི་ཆ་ནའོ་ཝ་ལ་ཐུག་འཕྲད་གནང་བ།

ཟླ5པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཨུ་རུ་སུ་དཀར་པོའི་རྒྱལ་དམངས་གྲོས་ཁང་སྤྱི་མཐུན་རྒྱལ་ཁབ་ཁང་གི་ཀྲུའུ་ཞི་ཁི་ཆ་ནའོ་ཝ་ལ་ཐུག་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས29ཉིན་པེ་ཅིན་དུ་ཨུ་རུ་སུ་དཀར་པོའི་རྒྱལ་དམངས་གྲོས་ཁང་སྤྱི་མཐུན་རྒྱལ་ཁབ་ཁང་གི་ཀྲུའུ་ཞི་ཁི་ཆ་ནའོ་ཝ་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་ོདན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བས་བདེ་ཐང་དང་གཏན་འཇགས་ཀྱི་འཕེལ་རྒྱས་གནས་བབ་སྲུང་འཛིན་བྱས་ཡོད། ཀྲུང་གོས་ཨུ་རུ་སུ་དཀར་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། མཐའ་གཅིག་ཏུ་ཕན་ཚུན་ལ་ཆབ་སྲིད་རྒྱབ་སྐྱོར་བྱས་ནས། ཏན་ཏིག་ངང་གཉིས་ཕན་མཉམ་ལས་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་བཟོ་ལས་གླིང་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། མི་ཆོས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ཇེ་ཆེར་གཏོང་བ་དང་ཕྱོགས་ཡོངས་ནས་སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་མཐུན་སྦྱོར་རོགས་ལས་དམ་ཟབ་དུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཁི་ཆ་ནའོ་ཝ་ཡིས་བསྟན་དོན། ཨུ་རུ་སུ་དཀར་པོས་ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དུ་གཏོང་བར་འབད་བརྩོན་བྱེད་ཀྱིན་ཡོད་པ་དང་། སྔོན་ཆད་དང་ད་ལྟ། མ་འོངས་པ་གང་ཡིན་ཡང་ཀྲུང་གོ་ནི་བློས་ཐུབ་ཀྱི་རོགས་ཟླ་ཡིན། ཨུ་རུ་སུ་དཀར་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨུ་རུ་སུ་དཀར་པོའི་རྒྱལ་དམངས་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་སྤེལ་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号