ལའེ་ཆིང་ཏེ་ཡི་གཏམ་བཤད་ལ་ལན་བརྒྱབ་པ་རེད།  


ཟླ་11ཚེས་15ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

 གསར་འགོད་པ་ཞིག་གིས་དྲིས་དོན། ཉེ་ཆར་ལའེ་ཆིང་ཏེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཁོ་ལ་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་ཤོས་ལྡན་པས། གལ་སྲིད་ཁོ་རང་བདམས་ན་ངོགས་གཉིས་བར་དམག་འཁྲུག་འབྱུང་སྲིད་པའི་ཚད་དམའ་ཤོས་ཡིན་ཟེར། ངོགས་གཉིས་ཀྱི་རིགས་གཅིག་མཁས་པ་ཚོས་གཏམ་བཤད་དེ་ནི་གཏན་ཚིགས་དང་མི་མཐུན་པ་དང་། ཧ་ཅང་དགོད་བྲོ་བ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་མཐོང་ཐོས་རྙོག་བཟོ་དང་འདེམས་ཤོག་གཡོ་ལེན་བྱ་ཆེད་ཡིན་ཞེས་བཤད་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 
ཀྲུའུ་ཧྥེང་ལེན་གྱིས་བསྟན་དོན། “ཐའེ་ཝན་རང་བཙན”གྱིས་དམག་འཁྲུག་མཚོན་གྱི་ཡོད། “ཐའེ་ཝན་རང་བཙན་གྱི་ལས་ཀ་སྒྲུབ་མཁན”ཞིག་གིས་དེ་ལྟར་བཤད་ན། ཚང་མས་ཡིད་ཆེས་བྱེད་ཐུབ་བམ། “ཐའེ་ཝན་རང་བཙན་གྱི་ལས་ཀ་སྒྲུབ་མཁན”ནི་དམག་འཁྲུག་བཟོ་མཁན་ཡིན། ཐ་ན་རང་ཉིད་ཀྱང་ཡིད་མི་ཆེས་པའི་རྫུན་གཏམ་དེ་རིགས་བཤད་པ་ནི་ཁྲམ་པ་ངོ་མ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号