2018ལོ་ནས2023ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར855བཀོད་སྒྲིག་བྱས་ནས་དགེ་རྒན་གྲོང་གསེབ་ཏུ་གཞི་ཚུགས་ཏེ་གཞི་རིམ་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་པ།

2018ལོ་ནས2023ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར855བཀོད་སྒྲིག་བྱས་ནས་འབྲེལ་ཡོད་འཆར་གཞི་དང་སྲིད་ཇུས་ལག་ལེན་བསྟར་བར་རྒྱུན་མཐུད་རྒྱབ་སྐྱོར་བྱས་ཏེ། དགེ་རྒན་གྲོང་གསེབ་ཏུ་གཞི་ཚུགས་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ཡོད།


2018ལོ་ནས2023ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར533བཀོད་སྒྲིག་བྱས་ནས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ལ་གླ་ཕོགས་རང་བཞིན་གྱི་ཁ་གསབ་སྤྲད་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ11ཚེས12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱ་ཆེད། 2018ལོ་ནས2023ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར855བཀོད་སྒྲིག་བྱས་ནས་འབྲེལ་ཡོད་འཆར་གཞི་དང་སྲིད་ཇུས་ལག་ལེན་བསྟར་བར་རྒྱུན་མཐུད་རྒྱབ་སྐྱོར་བྱས་ཏེ། དགེ་རྒན་གྲོང་གསེབ་ཏུ་གཞི་ཚུགས་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ཡོད།

ནོར་སྲིད་པུའི་ཚན་སློབ་དང་རིག་གནས་སིའི་སི་ཀྲང་གཞོན་པ་མཱ་ཧུང་པིང་གིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ནོར་སྲིད་པུས་ཉེ་བའི་ལོ་ཤས་རིང་སློབ་གསོ་པུས་འབྲེལ་ཡོད་འཆར་གཞི་དང་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱེད་པར་གཞོགས་འདེགས་བྱས་ནས་དགེ་རྒན་ཚོས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དང་གྲོང་གསེབ་ཀྱི་སློབ་གྲྭར་སློབ་ཁྲིད་དང་སློབ་སྐྱོར་བྱས་ནས་གཞི་རིམ་དུ་གཞི་ཚུགས་ཏེ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཤིང་། 2018ལོ་ནས2023ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་533བཀོད་སྒྲིག་བྱས་ནས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ལ་གླ་ཕོགས་རང་བཞིན་གྱི་ཁ་གསབ་སྤྲད་པ་དང་མཐོ་སློབ་སློབ་ཐོན་སློབ་མ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་སློབ་གྲྭའི་དགེ་རྒན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་ཕུལ་བྱུང་དགེ་རྒན་འབོར་ཆེན་ཁ་གསབ་བྱས་ཡོད།
 

“ཁུལ་གསུམ”གྱི་ཤེས་ལྡན་པའི་འཆར་གཞིའི་དགེ་རྒན་གྱི་ཆེད་དམིགས་རྣམ་གྲངས་དང་དྲུག་ཅུའི་དབུ་དཀར་གྱི་སློབ་ཁྲིད་འཆར་གཞི་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཤིང་། 2018ལོ་ནས་2023ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་21བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོའི་ཕུལ་བྱུང་དགེ་རྒན་དང་རྒན་ཡོལ་ཞུས་པའི་དགེ་རྒན་གྱིས་དབུལ་སྒྲོལ་ས་ཁུལ་དང་། མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་། མཐའ་མཚམས་ས་ཁུལ་བཅས་སུ་སློབ་ཁྲིད་དང་སློབ་སྐྱོར་བྱེད་པར་སྐུལ་ལྕག་བྱས་ཡོད་པ་དང་། 2020ལོ་ནས་བཟུང་ད་དུང་སྒོར་དུང་ཕྱུར་གཅིག་ཙམ་བཀོད་སྒྲིག་བྱས་ནས་སློབ་གསོ་པུས་སྒྲིག་འཛུགས་ལག་བསྟར་བྱས་པའི་མཐོ་སློབ་ཀྱི་དྲུག་ཅུའི་དབུ་དཀར་དགེ་རྒན་གྱིས་ནུབ་རྒྱུད་འཆར་གཞིར་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱས་ཏེ་མཐོ་སློབ་ཀྱི་ཕུལ་བྱུང་རྒན་ཡོལ་ཞུས་པའི་དགེ་རྒན་ཁག་གཅིག་བདམས་ནས་སློབ་སྐྱོར་དང་ཞིབ་འཇུག་བྱེད་རོགས་བྱས་ནས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད།

གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཤིང་། 2018ལོ་ནས2023ལོའི་བར་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་300བཀོད་སྒྲིག་བྱས་ནས་དབུས་ནུབ་ས་ཁུལ་གྱི་ཧེ་བག་ཅན་གྱི་ཁ་གསབ་སྲིད་ཇུས་ལས་ཕུལ་བྱུང་དགེ་རྒན་དེ་བས་མང་བ་གྲོང་གསེབ་ཀྱི་སློབ་གྲྭར་དགེ་རྒན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ནས་ལོ་ལྟར་དགེ་རྒན་ཁྲི130ལ་ཕན་པ་ཐོབ་ཡོད།

“གོམ་སྟབས་རྗེས་མར། ང་ཚོས་སློབ་གསོ་པུའུ་དང་མཉམ་དུ་དུས་ཐོག་ཏུ་སྲིད་ཇུས་དང་བྱེད་ཐབས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། ས་གནས་ཀྱིས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་བཅས་བྱས་ནས་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན”ཞེས་མཱ་ཧུང་པིང་གིས་བརྗོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号