རང་རྒྱལ་གྱིས་བཟོས་པའི་གྲུ་གཟིངས་ཆེ་གྲས་ཐོག་མ།


    

ཉེ་ཆར། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས“ཨའེ་ཏ·མོའོ་ཏུའུ་རྟགས་ཅན”ལ་མིང་བཏགས་ནས་དངོས་སུ་རྩིས་སྤྲད་པ་རེད། ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་མངའ་འོག་གི་ཧྲང་ཧའེ་ཝེ་ཀའོ་ཆའོ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་ཀྲུང་གོ་གྲུ་གཟིངས་སྦྲག་སྐྱེལ་གྲུ་གཟིངས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་དེའི་ཁོངས་གཏོགས་ཀྱི་ཨའེ་ཏ་སྦྲག་སྐྱེལ་གྲུ་གཟིངས་ཚད་ཡོད་ཀུང་སིས་འབྲེལ་ཡོད་གྲུ་གཟིངས་རྩིས་སྤྲོད་ཡིག་ཆར་དངོས་སུ་མིང་རྟགས་བཀོད་པ་དང་། གཉེར་སྐྱོང་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་ཤིང་། “ཨའེ་ཏ·མོའོ་ཏུའུ་རྟགས་ཅན”གྱིས2024ལོའི་ཟླ1པོའི་ཚེས1ཉིན་ཚོང་ལས་ཀྱི་སྐྱེལ་འདྲེན་ཐོག་མར་བྱ་རྒྱ་རེད། 

“ཨའེ་ཏ·མོའོ་ཏུའུ་རྟགས་ཅན”ལ་ལྗིད་ཚད་ཏུན་བསྡོམས་འབོར་ཁྲི13.55དང་། རིང་ཚད་ལ་སྨི323.6  ཞེང་ཚད་ལ་སྨི37.2  མཐོ་ཚད་ལ་སྨི72.2བཅས་ཟིན་གྱི་ཡོད། གྲུ་གཟིངས་ཡོངས་ལ་མ་ལག107དང་། སྒྲིག་ཆས་ཁྲི5.5བསྒར་བའི་ནང་ལྷུ་ལག་ཁྲི2500དང་། འོད་སྐུད་སྤྱི་ལེ4750བཏིང་བ། གྲུ་ཐོག་ཏུ་ཁང་མིག2125ཡོད་པ་དང་། འགྲུལ་པ5246ཤོང་གི་ཡོད། དེར་ཐོག་རིམ16དང་རྒྱ་ཁྱོན་ལ་སྨི་གྲུ་མ་ཁྲི4ཟིན་པའི་འཚོ་བ་དང་རོལ་རྩེད་ཀྱི་སྤྱི་པའི་ས་ཁོངས་བཀོད་སྒྲིག་བྱས་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号