ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ཀྱིས་རྩིས་ལེན་ལས་དོན་སྤེལ་བ།

འདི་ནི་ལས་དོན་མི་སྣས་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས18ཉིན། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་མཚམས་ཀྱི་འབྲི་ཆུའི་ཟམ་ཆེན་གྱིས་རྩིས་ལེན་དང་ལེན་བྱས། ཀྲུང་གོའི་ལྕགས་ལམ་ཁུང་མིན་ཅུའུ་ཚོགས་པ་ཚད་ཡོད་ཀུང་སིའི་ཀུང་ཐོན་གཞི་རིམ་ལས་ཁུངས་ལྕགས་ལམ་སྡེ་ཚན་ཞིབ་བཤེར་རྩིས་ལེན་ཚན་ཆུང་གི་ཟམ་པའི་ཕུག་ལམ་འཛུགས་སྐྲུན་ལས་དོན་མི་སྣ12ཀྱིས་བར་སྣང་དང་མཐོ་གྲང་། ས་བབ་མཐོ་བའི་དཀའ་ངལ་མ་འཛེམ་པར་ཆུ་ངོས་ནས་སྨི250བར་ཐག་ཡོད་པའི་ཟམ་ཆེན་སྟེང་གི་ལྕགས་སྒྲོམ་རྩེ་རིམ་དུ་ཞིབ་བཤེར་དང་ལེན་བྱས།

ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་ལ་སྤྱི་ལེ139.7ཡོད་པ་དང་། ལམ་ཐིག་ཧྲིལ་བོར་ཟམ་པ34དང་ཕུག་ལམ20གསར་སྐྲུན་བྱས་པས། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད73.4%ཟིན་ཡོད། དེ་ནང་ཡུས་ལུང་གངས་རིའི་ཕུག་ལམ་དང་ཧ་པ་གངས་རིའི་ཕུག་ལམ་བར་ནས་འབྲི་ཆུའི་ཟམ་ཆེན་སྐྲུན་ཡོད་པ་དེ་ནི་ལམ་ཐིག་དེའི་སྟེང་གི་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད་གྲས་ཤིག་ཡིན། ཟམ་ཆེན་གྱི་རིང་ཚད་ལ་སྨི882.5དང་གཅོ་བརྒལ་སྨི660ཟིན་པ། ཟམ་ངོས་དང་ཆུ་ངོས་དྲང་འཕྱང་བར་ཐག་སྨི250ཡོད།

རྒྱུས་ལོན་ལྟར་ན། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་མཚམས་ད་ལོར་ཤར་གཏོང་བྱ་རྒྱུ་ཡིན་ལ། གཏོང་མགོ་ཚུགས་པའི་འགྲུལ་པའི་ལྕགས་ལམ་དམིགས་ཚད་དུས་ཚོད་རེར་སྤྱི་ལེ140རེད། སྐབས་དེར་ཁུང་མིན་ནས་སེམས་ཀྱི་ཉི་ཟླ་བར་དུས་ཚོད5ཡས་མས་སུ་ཐོན་རྒྱུ་ཡིན་པས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་རེད། །

འདི་ནི་ལས་དོན་མི་སྣས་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ལས་དོན་མི་སྣས་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号