ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིན་དུ་འཚོགས་མགོ་བརྩམས།

ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོགས་འདུ་ལ་ཞུགས་ཏེ་རྟེན་འབྲེལ་ཞུས། ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚེས23ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོགས་འདུར་ཞུགས་ཏེ་རྟེན་འབྲེལ་ཞུས། ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

མི་དམངས་ཚོགས་ཁང་ཆེན་མོའི་རྣམ་པ་བརྗིད་ཉམས་ལྡན་ཞིང་སྤྲོ་སེམས་ཀྱིས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ“ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི”མཚོན་རྟགས་བཀལ་ཡོད་པ་དང་། རྒྱབ་ཕྱོགས་ཀྱི་དབུས་ནི་དམར་མདངས་བཀྲ་བའི་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ཡིན་ལ། གཡས་གཡོན་གཉིས་སུ་དར་ཆ་བཅུ་བསྒྲིགས་ཡོད། ཐོག་སོ་གཉིས་པར“དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཚིག་བཀལ་ཡོད།

རྒྱལ་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི1800ཙམ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆེད་ཞུ་འཐུས་མི90ཡིས་བུད་མེད་དུང་ཕྱུར་ཁྲི་ལྷག་གི་མངག་བཅོལ་ཟབ་མོ་ཡིད་ལ་བཟུང་ནས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་ཆུ་ཚོད10ཡི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་ཡིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། ཁ་བྱང་ལ《སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་ཆེད་དུས་རབས་གསར་བའི“གནམ་གྱི་ཕྱེད་ཀའི”ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་དགོས》ཞེས་པའི་ཤིས་ཚིག་ཕུལ་ནས། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་བུད་མེད་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པར་མ་ཟད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱི་རྒྱལ་གྱི་ཕྱིར་སྡོད་བུད་མེད་སྤུན་ཟླར་སྨོན་འདུན་བཟང་བོ་ཞུས།

ཏིང་ཞུའེ་ཞང་གིས་ཤིས་ཚིག་ལས་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། བུད་མེད་དུང་ཕྱུར་མང་བོས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ས་གཙོ་བོ་ནས་དཀའ་སྤྱད་དངོས་སྒྲུབ་བྱས་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྔོན་གྲལ་ནས་ཞུམ་མེད་འཚོལ་སྙེག་བྱས་ཤིང་། རིམ་འགོག་གི་གནད་འགག་སྐབས་སུ་དཔའ་ངར་ཆེན་པོས་ཉེན་སར་བསྐྱོད་ཅིང་། ཁྱིམ་ཚང་དང་སྡེ་ཁུལ་དུ་རང་འགུལ་གྱིས་ཁག་ཁུར་བྱས་ལ། བདེ་འཇགས་འཛུགས་སྐྲུན་གྱི་ལས་ཡུལ་དང་པོ་རུ་ཁུ་སིམ་མེར་སྲུང་སྐྱོབ་བྱས་པ་དང་། ལུས་རྩལ་གྱི་འགྲན་ར་རུ་ཧུར་བརྩོན་ལྷོད་མེད་བྱས་པས། “གནམ་གྱི་ཕྱེད་ཀའི”ནུས་པ་ཕྱོགས་ཡོངས་ནས་མངོན་པ་དང་། བུད་མེད་རྣམས་ཕྱོགས་ཡོངས་ནས་གོང་དུ་འཕེལ། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་བུད་མེད་ཀྱི་བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་། རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྐུལ་སློང་སྒོས་དུས་རབས་གསར་བར་བྱས་རྗེས་བཞག་ཅིང་། ཁྱིམ་ཚང་གི་སློབ་གསོ་དང་སྲོལ་བཟང་འཛུགས་སྐྲུན་གསར་གཏོད་ཀྱིས་སྤེལ་བ་དང་། བརྩེ་བ་ཟབ་མོས་ཁེ་ཕན་སྲུང་སྐྱོབ་དང་གཅེས་སྐྱོང་གི་ཞབས་འདེགས་བཟང་བོར་ཞུས་ལ། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ཧུར་ཐག་གིས་སྤེལ་ཞིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་བསྟུད་མར་ཟབ་སྤེལ་བྱས་པས། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་དང་། ཏང་གིས་སྲིད་སྐྱོང་བའི་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས། 

ཏིང་ཞུའེ་ཞང་གིས་ཤིས་ཚིག་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ནས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་ཏང་གི་ལས་འགན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཡོད། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏང་དང་བསམ་པ་གཅིག་མཐུན་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱེད་པ་དང་། དགོངས་པ་གསར་བ་ལག་བསྟར་བྱེད་པའི་ཁྲོད་དུ་བུད་མེད་ཀྱི་དད་སེམས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། འབད་འབུངས་ཀྱི་སྐྱོད་ལམ་གསར་བའི་སྟེང་དུ་བུད་མེད་ཀྱི་བྱས་རྗེས་མངོན་པ། དར་སྲོལ་གསར་བར་སྣེ་ཁྲིད་བྱེད་པའི་ཁྲོད་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་མངོན་པར་བྱེད་པ། བསམ་ཕྱོགས་གསར་བ་བསྐྲུན་པའི་ཁྲོད་བུད་མེད་ཀྱི་ངོ་མཚར་ཆེ་བའི་མི་ཚེ་བསྐྲུན་པ། སྔར་མེད་ཀྱི་ལོ་རྒྱུས་རང་རྟོགས་དང་སྔར་ལས་དཔའ་ངར་ཆེ་བའི་བསམ་པའི་ཉམས་འགྱུར་བསྐྲུན་པ་བཅས་བྱས་ནས། སྐྱོད་ལམ་གསར་བའི་སྟེང་དུ“གནམ་གྱི་ཕྱེད་ཀ”ཞེས་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། ཀུན་གྱི་སྣེ་ཁྲིད་དང་ཀུན་ལ་ཞབས་ཞུ། ཀུན་ལ་འབྲེལ་གཏུག་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ནས། ཏང་གི་བྱ་གཞག་གི་ཆེད་དུ་བུད་མེད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་བུད་མེད་ཀྱི་བློ་གྲོས་གཅིག་སྡུད་བྱེད་དགོས་ཞེས་གསུངས།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་ཝན་མཐུན་འབྲེལ་ལྷན་ཚོགས། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་ཤིས་ཚིག་ཕུལ།  ཤིས་ཚིག་ལས་སྐྱོད་ལམ་གསར་བའི་སྟེང་དུ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཚང་མའི་སེམས་གཏིང་དུ་སིམ་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་པ་བཅས་བྱས་ཏེ། རླབས་ཆེན་གྱི་འབད་འཐབ་ལ་བརྟེན་ནས་མང་ཚོགས་ཚོགས་པའི་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་བ་གཏོད་དགོས་ཞེས་བསྟན།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧུང་ཞའོ་ཝེ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཁ་བྱང་ལ《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས་རྒྱ་ཆེའི་བུད་མེད་ལ་སྐུལ་སློང་དང་སྣེ་ཁྲིད་སྒོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པའི་སྙན་ཞུ་ཕུལ། སྙན་ཞུ་ཁག5རུ་བགོས་ཡོད་དེ། བློ་བརྟན་འགྱུར་མེད་སྒོས་ཏང་དང་མཉམ་དུ་འབད་འཐབ་བྱེད་པའི་ཀྲུང་གོའི་བུད་མེད་དང་བུད་མེད་མཉམ་འབྲེལ་རྩ་འཛུགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་ཀྲུང་གོའི་བུད་མེད་ལས་དོན་གྱི་མདུན་ལམ་གསར་བ་གཏོད་པར་ཁྲིད་སྟོན་བྱེད་པ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་སྤོབས་པ་ཆེན་པོས་བུད་མེད་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱུགས་སྤྲོད་ཀྱི་ལམ་གསར་བའི་སྟེང་བུད་མེད་མཉམ་འབྲེལ་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་དང་འཚམ་པའི་བུད་མེད་མཉམ་འབྲེལ་རྩ་འཛུགས་སྐྱེད་སྲིང་བྱེད་པ་བཅས་རེད།

ཚོགས་ཆེན་གྱིས་ཡིག་ངོས་སྙན་ཞུའི་རྣམ་པས་འཐུས་མིར《ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག(དག་བཅོས་འཆར་ཟིན)》སྤྲད་དེ། འཐུས་མི་རྣམས་ལ་གྲོས་ཞིབ་བྱེད་དུ་བཅུག

ཀྲུང་གུང་ཀྲུང་དབྱང་ཧུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་མགོ་ཁྲིད་དང་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཁག་གང་ལའམ་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིན་གྱི་པུའུ་རིམ་པའི་བུད་མེད་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་རྒན་པ། རྒྱལ་སའི་ལས་རིགས་སོ་སོའི་བུད་མེད་འཐུས་མི་སོགས་མགོ་རྩོམ་མཛད་སྒོར་ཞུགས་པ་རེད།  


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号