ཤི་ཤ་སྦང་མར་གངས་བརྡིབས་ཏེ་མི་སྣ་འཆི་རྨས་བྱུང་འདུག


ཚེས་7ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་7ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཀྱི་ཤི་ཤ་སྦང་མར་གངས་བརྡིབས་ནས། རི་འཛེག་པ་2རྐྱེན་ལམ་དུ་ཤོར་བ་དང་། 2གར་སོང་ཆ་མེད་དུ་གྱུར་ཅིང་། གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག 

ས་གནས་དེ་གའི་རོགས་སྐྱོབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གངས་རྡིབ་པའི་གནས་ཚུལ་ཐོན་ས་ནི་གངས་རི་ཤི་ཤ་སྦང་མའི་ས་བབ་མཐོ་ཚད་སྨི་7600ལྷག་ཙམ་དང་སྨི་8000ལྷག་ཙམ་སར་ཡིན་ཞིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། གངས་རྡིབ་པའི་དོན་རྐྱེན་ཁྲོད་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་རི་འཛེག་པ་1དང་ནེ་པ་ལའི་རི་འཛེག་པ་1རྐྱེན་ལམ་དུ་ཤོར་བ་དང་། རྒྱལ་ཁོངས་ཨ་རི་ནས་ཡིན་པའི་རི་འཛེག་པ་1དང་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་རི་འཛེག་པ་1གར་སོང་ཆ་མེད་དུ་གྱུར་པ། ད་དུང་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་རི་འཛེག་པ་1ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་རེད།

གངས་བརྡིབས་རྗེས། བོད་ལྗོངས་ཀྱིས་འཕྲལ་མར་ཤི་ཤ་སྦང་མའི་རི་འཛེག་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱས་པ་མ་ཟད། རོགས་སྐྱོབ་སྟོབས་ཤུགས་འཕྲལ་མར་སྒྲིག་འཛུགས་བྱས་ནས། ཤི་ཤ་སྦང་མའི་རི་འཛེག་སྒར་ས་ཆེ་མོར་བསྐྱོད་པ་རེད། ད་ལྟའི་བར་དུ། རྨས་སྐྱོན་ཚབས་ཆེན་ཕོག་ཅིང་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་རི་འཛེག་པ་ཚེ་སྲོག་གི་ཉེན་ཁ་ལས་སྒྲོལ་ནས་རོགས་སྐྱོབ་རུ་ཁག་གིས་ཕྱིར་འཐེན་སྲུང་སྐྱེལ་བྱེད་བཞིན་ཡོད་པ་རེད།

ཤི་ཤ་སྦང་མའི་ས་བབ་མཐོ་ཚད་སྨི་8027ཡོད་པ་དང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཁོངས་སུ་གནས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号