དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཁྲིམས་འཛིན་བློན་ཆེན་གྱིས་ལས་ཁུར་དགོངས་ཞུ་བྱས་པ་དང་སྲིད་གཞུང་གིས་དེའི་རྒྱུན་འཛིན་པ་ཁྱབ་བསྒྲགས་བྱས།


 དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཁྲིམས་འཛིན་བློན་ཆེན་ལཱ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དབྱིན་ཇིའི་སྲིད་གཞུང་གིས་ཉིན་དེའི་དགོང་མོར་དབུ་བཞུགས་བློན་ཆེན་གཞོན་པ་དང་ཁྲིམས་འཛིན་བློན་ཆེན་གྱི་རྒྱུན་འཛིན་པ་ཁྱབ་བསྒྲགས་བྱས་པ་རེད།

ཉིན་དེར་ལཱ་པུའུ་ཡིས་ལས་ཁུར་དགོངས་ཞུ་བྱས་ནས་ཅང་མ་འགོར་བར། དབྱིན་ཇིའི་སྲིད་གཞུང་གིས་ལཱ་པུའུ་ཡི་རྟོག་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུ་ལ་ཁོས་གཞུང་ཞབས་པར་བརྙས་དམོད་དང་འཇིགས་སྐུལ་བྱས་མྱོང་བར་བསྟན། དབྱིན་ཇིའི་སྲིད་གཞུང་གིས་ལན་ཁའེ་སི་ཐི་ཀུང་ཅོའུ་བློན་ཆེན་ཨོ་ལེ་ཧྥོ་ཏའོ་ཏིན་གྱིས་དབུ་བཞུགས་བློན་ཆེན་གཞོན་པའི་འགན་ཁུར་བ་དང་། ད་ལྟའི་རྒྱལ་སྲུང་པུའུ་ཡི་རྒྱལ་སྲིད་བློན་ཆེན་ཡཱ་ལེ་ཁི་སི་ཆའོ་ཁི་ཡིས་ཁྲིམས་འཛིན་བློན་ཆེན་གྱི་འགན་ཁུར་དགོས་པ་ཁྱབ་བསྒྲགས་བྱས།

ན་ནིང་ཟླ་བཅུ་གཅིག་པར། དབྱིན་ཇིའི་གཞུང་ཞབས་པ་མང་བོས་ལཱ་པུའུ་ལ་བཙན་ཤེད་ཀྱི་བྱ་སྤྱོད་ཡོད་པར་ཞུ་གཏུག་བྱས་མྱོང་། ཟླ་དེར་དབྱིན་ཇིའི་སྲིད་གཞུང་གིས་ཁྲིམས་རྩོད་པས་འབྲེལ་ཡོད་ཞུ་གཏུག་ལ་སྒེར་ནས་རྟོག་ཞིབ་བྱེད་པའི་མངག་བཅོལ་བྱས་ཡོད། ལཱ་པུའུ་ཡིས་བཙན་ཤེད་བྱ་སྤྱོད་ཡོད་པ་ཁས་ལེན་མ་བྱས་པ་དང་། ཁོས་རྒྱུན་པར་ཆེད་ལས་ཀྱི་རྣམ་འགྱུར་བཟུང་བ་ཡིན་ཟེར།

དེའི་རྗེས་སུ་འབྲེལ་ཡོད་ཀྱི་ཞུ་གཏུག་ཁ་གྲངས་ཇེ་མང་དུ་སོང་བ་དང་། ལཱ་པུའུ་ཡིས་ཁྲིམས་འཛིན་བློན་ཆེན་དང་། ཕྱི་འབྲེལ་བློན་ཆེན། ཡོ་རོབ་གླིང་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་བཅས་ཀྱི་འགན་ཁུར་བའི་སྐབས་ཀྱི་ལུགས་མཐུན་མིན་པའི་བྱ་སྤྱོད་རེ་འགར་འབྲེལ་བ་ཡོད།

ལཱ་པུའུ་ནི་སུའུ་ནཱ་ཁི་ཡིས་ན་ནིང་ཟླ་བཅུ་བར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ། མི་སྒེར་གྱི་བྱ་སྤྱོད་ལུགས་མཐུན་མིན་པའི་དབང་གིས་ལས་འགན་བསྐྱུར་བའི་སྲིད་གཞུང་གི་མགོ་ཁྲིད་པ་གསུམ་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号