༄༅།།ཞིང་ས་ནས་ལོ་ངོ་སྟོང་གོང་གི་དངུལ་ཊམ་རྙེད་པ། 

༄༅།།ཞིང་ས་ནས་ལོ་ངོ་སྟོང་གོང་གི་དངུལ་ཊམ་རྙེད་པ།

  2023ལོའི་ཟླ04བའི་ཚེས20ཉིན། ཏེན་མག་གི་པེ་རི་ཏེ་ལན་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲགས་དོན། ཏེན་མག་ནུབ་བྱང་རྒྱུད་ཀྱི་རི་ཏེ་ལན་ཕྱེད་གླིང་དུ་ལོ་1000ལྷག་གི་ལོ་རྒྱུས་ལྡན་པའི་དངུལ་ཊམ་300ལྷག་ས་འོག་ནས་ཐོན་པ་རེད།
   ཧྥ་རན་སེ་གསར་འགྱུར་ཁང་གིས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ལར་སི·ཁེ་ལི་སི་ཏེ་ཨན·ནོར་པ་ཧེའི་ས་ནས་གནས་ཚུལ་གོ་ཐོས་བྱུང་བར་གཞིར་བཟུང་། གནས་འཕྲིན་སྤེལ་བར་གཞིགས་ན། ན་ནིང་སྟོན་དུས་སུ་བུ་མོ་ཞིག་གིས་གྲོང་ཁྱེར་ཆུང་ངུ་ཧོ་པུའུ་ལོའི་ཉེ་འགྲམ་དུ་ཧྥེ་ཁ་ཐེ་ཝུའེ་ཅིང་གི་མཁར་རྫོང་གོར་མོའི་གནའ་ཤུལ་དང་བར་ཐག་སྤྱི་ལེ་8ཙམ་ཡོད་སའི་མ་རྨོས་ལོ་ཏོག་གི་ཞིང་ནང་ནས་ལྕགས་རིགས་འཚོལ་ཞིབ་བྱེད་སྐབས། གནས་གཉིས་ནས་དངུལ་ཊམ་དེ་དག་རྙེད་པ་རེད།
   དངུལ་ཊམ་དེ་དག་ནི་ཏེན་མག་དང་། ཨ་རབ། འཇར་མན་བཅས་ནས་ཡིན་ཞིང་། དངུལ་ཊམ་ངོས་ཀྱི་ཡི་གེར་བལྟས་ན། དེ་དག་གི་ལོ་རྒྱུས་ནི་དུས་རབས་10པའི་ལོ་རབས་80བར་དུ་ཁུངས་འདེད་བྱེད་ཐུབ། 
   གནའ་རྫས་རྟོག་ཞིབ་པས་བཤད་རྒྱུར། མཉམ་དུ་རྙེད་པའི་ནང་ལ་ད་དུང་ཨེར་ལན་སོགས་ཀྱི་མུ་ཏིག་སོགས་རིན་པོ་ཆེ་ཡོད་ཅིང་། ནོར་པ་ཧེའི་བཤད་ཚུལ་ལྟར་ན། དེ་འདྲའི་སྔོག་འདོན་བྱས་འབྲས་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད། རིག་དངོས་དེ་དག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱ་རྒྱུ་རེད།
༄༅།།ཞིང་ས་ནས་ལོ་ངོ་སྟོང་གོང་གི་དངུལ་ཊམ་རྙེད་པ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号