2023ལོའི་ལོན་ཏོན་དཔེ་དེབ་འགྲེམ་སྟོན་མགོ་ཚུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2023ལོའི་ལོན་ཏོན་དཔེ་དེབ་འགྲེམ་སྟོན་ཚེས18ཉིན་དབྱིན་ཇའི་ལོན་ཏོན་ཨོ་ལིན་ཕུག་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་ཚུགས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(པོད་དང་པོ་ནས་པོད་བཞི་བ)སོགས་ཀྲུང་གོའི་སྤུས་ལེགས་དཔེ་དེབ་ལ་དགའ་བསུ་དང་དོ་སྣང་ཆེན་པོ་བྱེད་བཞིན་མཆིས། 

ཀྲུང་གོ་ཕྱི་ཡིག་དཔེ་སྐྲུན་འགྲེམ་སྤེལ་ལས་དོན་ཅུའུ(ཀྲུང་གོ་རྒྱལ་སྤྱིའི་སྒྲོག་སྤེལ་སྡེ་ཚོགས)དང་ཀྲུང་གོའི་དཔེ་སྐྲུན་སྡེ་ཚོགས། ཀྲུང་གོའི་སློབ་གསོ་དཔེ་སྐྲུན་སྨྱན་བྱད་སྒྲོག་སྤེལ་སྡེ་ཚོགས། ཧྲང་ཧའེ་དུས་རབས་དཔེ་སྐྲུན་སྡེ་ཚོགས། ཅང་སུའུ་ཧྥེང་ཧོང་དཔེ་སྐྲུན་སྨྱན་བྱད་སྒྲོག་སྤེལ་སྡེ་ཚོགས། ཀྲུང་གོའི་གཞོན་ནུ་དཔེ་སྐྲུན་སྤྱི་ཁྱབ་ཁང་། ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(སྡེ་ཚོགས)ཚད་ཡོད་ཀུང་སི་སོགས་རྒྱལ་ནང་གི་དཔེ་སྐྲུན་ལས་ཁུངས40ལྷག་ཐེངས་འདིའི་དཔེ་དེབ་འགྲེམ་སྟོན་ནང་ཞུགས།

ཀྲུང་གོའི་འགྲེམ་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ386ཟིན་ཞིང་དཔེ་དེབ་རིགས2300ལྷག་འགྲེམ་སྟོན་བྱས་ཏེ། 《 ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(དེབ་དང་པོ་ནས་བཞི་པ་བར)ཞེས་པ་དང་། “ཞབས་རྗེས”སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་འབྲེལ་ཡོད་སློབ་སྦྱོང་ཀློག་དེབ་ཀྱི་ཀྲུང་ཕྱི་ཡིག་གི་པར་གཞི། ཕྱི་ཕྱོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ངོ་སྤྲོད་དང་རྒྱས་བཤད་བྱེད་པའི་ཀློག་དེབ། 《བསྐྱར་དར་རིག་མཛོད》《ཀྲུང་གོའི་དུས་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་མོ》སོགས་རིག་གནས་ཨར་ལས་ཀྱི་གྲུབ་འབྲས་རྩེ་གྲ་དང་དེ་མིན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བརྩམས་ཆོས་རྩེ་གྲ་གང་མང་འགྲེམ་སྟོན་བྱས།

གཞན་ཡང་། ཀྲུང་གོའི་འགྲེམ་ཞུགས་ལས་ཁུངས་ཀྱིས་ཐཱན་ཉུང་རྒྱལ་སྤྱིའི་མཉམ་ལས་ལ་དམིགས་ཏེ། ཀྲུང་གོས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་དང་བྱ་སྤྱོད། གྲུབ་འབྲས་བཅས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པའི་དཔེ་དེབ་ཁག་གཅིག་འགྲེམ་སྟོན་བྱས་པ་མ་ཟད། ཀྲུང་གོའི་མཛེས་དཔྱོད་དགོངས་པ་དང་། དེང་རབས་ཀྲུང་གོའི་རིན་ཐང་འདུ་ཤེས་བརྒྱུད་སྤེལ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་པའི་རྩོམ་རིག་སྤུས་དག་ཁག་གཅིག དེ་མིན་ཀྲུང་གོའི་གཞི་རྒྱུ་ལྡན་པའི་ལོ་ཆུང་བྱིས་པའི་དཔེ་དེབ་ཁག་གཅིག་ལེགས་འདེམས་བྱས་ཏེ་འགྲེམ་སྟོན་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号