ལོ་ཕེ་སི་ཡིས་མོ་ཞི་ཁོ་སྲིད་གཞུང་གིས་ཨ་མེ་རི་ཁས་མོ་ཞི་ཁོ་མངའ་ཁོངས་ཀྱི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྡུང་རྡེག་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་མོ་ཞི་ཁོ་ཡི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཞི་ཁོ་ཡི་ཙུང་ཐུང་ལོ་ཕེ་སི་ཚེས་ཉེར་གཅིག་ཉིན་མོ་ཞི་ཁོ་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཝེ་ལ་ཁི་ལུའུ་སི་ནས་བཤད་རྒྱུར།    མོ་ཞི་ཁོ་སྲིད་གཞུང་གིས་ཨ་མེ་རི་ཁས་མོ་ཞི་ཁོ་མངའ་ཁོངས་ཀྱི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྡུང་རྡེག་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་མོ་ཞི་ཁོ་ཡི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར།

དེའི་སྔོན།   ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁའི་དྲག་ཆས་དམག་དཔུང་གིས་མོ་ཞི་ཁོ་ཡི་མངའ་ཁོངས་སུ་དུག་ཚོང་ཚོགས་པར་རྡུང་རྡེག་གཏང་ཆོག་པའི་གྲོས་འགོ་བཏོན།

ལོ་ཕེ་སི་ཡིས་ཚེས་ཉེར་གཅིག་ཉིན་ཝེ་ལ་ཁུ་ལུའུ་སི་གྲུ་ཁའི་རྒྱལ་གཅེས་སྲུང་སྐྱོབ་དམག་འཁྲུག་བྱུང་ནས་ལོ་བརྒྱ་དང་དགུ་ལོན་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན།  མོ་ཞི་ཁོ་ལ་རྒྱལ་ནང་གི་ཁྲིམས་འགལ་གནད་དོན་ཐག་གཅོད་པའི་ནུས་པ་ཡོད་པ་དང་།   རྒྱལ་ཁབ་གཞན་པས་རང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་གཏན་ནས་དང་ལེན་མི་བྱེད་ཟེར།

ལོ་ཕེ་སི་ཡིས་བཤད་རྒྱུར།  ང་ཚོས་ཐེ་གཏོགས་རིང་ལུགས་དང་ལེན་བྱེད་མི་སྲིད་ལ།   གཞན་གྱི་མིང་ཐོག་གི་རོགས་སྐྱོར་ཡང་མི་མཁོ་ཟེར། ཁོས་བཤད་རྒྱུར།   མོ་ཞི་ཁོ་རྒྱལ་ནང་གི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་རྒྱུ་ནི་མོ་ཞི་ཁོ་རང་གི་དོན་དག་ཡིན་པ་དང་།     དུག་ཚོང་ལ་མཉམ་དུ་རྡུང་རྡེག་གཏོང་བ་སོགས་ཀྱི་གྲོས་དོན་ཐད་མོ་ཞི་ཁོ་ལ་མཁོ་བ་ནི་མཉམ་ལས་ཡིན་པ་ལས་ནང་སྲིད་ལ་ཐེ་གཏོགས་བྱེད་པ་མིན་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号