ཁཱ་ནཱ་ཏཱའི་ཙུང་ལི་ཡིས་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁའི་སྲོལ་རྒྱུན་འབྲེལ་བ་མཇུག་སྒྲིལ་བའི་ཚུལ་བསྟན།
ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ཡིས་ཚེས27ཉིན་བཤད་རྒྱུར། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁའི་བར་གྱི་སྲོལ་རྒྱུན་འབྲེལ་བ་མཇུག་སྒྲིལ་བ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མུ་མཐུད་དུ་ཛ་དྲག་ལ་གཏོང་བཞིན་པའི་སྒོ་ཁྲལ་གྱི་བྱེད་ཐབས་མདུན་ནས། ཁཱ་ནཱ་ཏཱ་ཡིས་ངེས་པར་དུ་གཞི་རྩའི་སྟེང་ནས་དཔལ་འབྱོར་གསར་བ་ཞིག་བསྐྱར་བཞེངས་བྱེད་དགོས་ཟེར།
ཁཱ་ནེ་ཡིས་ཉིན་དེར་ནེ་ཀིའི་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་སྤེལ་བ་དང་བདེ་འཇགས་དང་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རྨང་གཞིའི་སྟེང་བཙུགས་པའི་འབྲེལ་བ་དེ་མཇུག་སྒྲིལ་ཡོད་པ་དང་། མ་འོངས་པའི་གཟའ་འཁོརའགའ་དང་ཟླ་ངོ་འགའ། ལོ་འགའི་ནང་ང་ཚོས་ངེས་པར་དུ་གཞི་རྩའི་སྟེང་ནས་ང་ཚོའི་དཔལ་འབྱོར་གསར་བཞེངས་བྱེད་དགོས་ཟེར།
ཁཱ་ནེ་ཡིས་བཤད་རྒྱུར། ཁོས་མ་འོངས་པའི་ཉིན་རེ་གཉིས་ནང་ཐི་ལིང་ཕུའུ་བར་ཁ་པར་བཏང་ནས་ཉོ་ཚོང་རྩོད་གླེང་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཁཱ་ནེ་ཡིས་བསྟན་དོན། ཁཱ་ནཱ་ཏཱ་ཡིས་འཁོན་འཛིན་རང་བཞིན་གྱི་ཉོ་ཚོང་འགུལ་སྐྱོད་སྤེལ་ནས་ཨ་མེ་རི་ཁའི་རླངས་འཁོར་སྒོ་ཁྲལ་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་པ་དང་། བྱེད་ཐབས་གང་རུང་སྤྱད་ནས་ཁཱ་ནཱ་ཏཱ་དང་ཁཱ་ནཱ་ཏཱའི་བཟོ་བར་སྲུང་སྐྱོབ་མི་བྱེད་པའི་ངེས་པ་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注