སླར་ཡང་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

ས་གནས་དེ་གའི་དུས་ཚོད་ཚེས19ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་ཁ་པར་རྒྱག་རེས་བྱས་ནས། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་ལ་འཇབ་རྒོལ་སླར་གསོ་བྱས་པར་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒོལ་གཏམ་བཏང་བ་མ་ཟད། ཀཱ་ཟ་ས་ཁུལ་གྱི་འབྱུང་འགྱུར་བསྐྱར་སྐྲུན་གྱི་གནད་དོན་ཐུན་མོང་ཐོག་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་ཀྱང་བཤད་པ་རེད།

མཱ་ཁེ་ལུང་གིས། ཕྱོགས་གཉིས་པོས་ཐུན་མོང་ཐོག་“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི་”ཚོགས་འདུ་གཙོ་གཉེར་བྱས་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་དམངས་ལ་ཆབ་སྲིད་ཀྱི་མདུན་ལམ་བསྐྱར་གསོ་བྱ་རྒྱུ་ཡིན་ཞེས་ཀྱང་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号