ཡོ་རོབ་གླིང་མནའ་འབྲེལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་མྱུར་མོར་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་མྱུར་མོར་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཚེས20ཉིན་པུའུ་ལུའུ་སེར་ནས་ཚོགས་མགོ་བརྩམས་པ་དང་། གཙོ་བོ་ཡོ་རོབ་གླིང་གི་འགོག་སྲུང་དང་། དབུས་ཤར་ས་ཁུལ་གྱི་གནས་བབ། ཝུའུ་ཁི་ལན་གྱི་གནས་བབ་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚོགས་ཐོག་ནས་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་མ་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་མྱུར་མོར་སླར་གསོ་བྱེད་དགོས་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བསྐྱལ་ནས་བགོ་བཤའ་བྱེད་པ་སླར་གསོ་བྱེད་པ། ཅཱ་ཧྲ་ས་ཁུལ་དུ་གློག་འདོན་སྤྲོད་བྱེད་པ་སླར་གསོ་བྱེད་པ། དགྲར་འཛིན་གྱི་འགུལ་སྐྱོད་དུས་གཏན་དུ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་ཟླ་འདིའི་ཚེས4ཉིན་ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་ནས་ཅཱ་ཧྲའི་བསྐྱར་འཛུགས་འཆར་གཞིར་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ངེས་མེད་དུ་དེའི་རྨང་གཞིའི་སྟེང་ཨ་རབ་གྲོགས་པོ་དང་རྒྱལ་སྤྱིའི་གྲོགས་པོ་གཞན་པའི་བར་འབྲེལ་འདྲིས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཡུན་རིང་ཞིང་རྒྱུན་མཐུད་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆོད་དོན་ཇུས་གཞི་དེ་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་འདོད་ཡོད་པར་མ་ཟད། ཕྱོགས་སོ་སོས་ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་ལ་གཏོར་བརླག་གཏོང་བའི་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།

དེ་ལས་གཞན་གསལ་སྒྲོག་ལས་སི་རི་ཡཱའི་གནད་དོན་ཐད་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་གནས་བབ་ལ་དོ་སྣང་ཆེན་པོ་བྱས་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་སི་རི་ཡཱའི་བཀག་སྡོམ་མཚམས་འཇོག་པའི་བྱ་བར་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་སི་རི་ཡཱ་ཡིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ལེན་མི་བྱེད་པའི་གནས་ཚུལ་འོག་ཞི་བདེ་མངོན་འགྱུར་དང་དཀྱེལ་ཡངས་བར་བརྒལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། མཐོང་ཆུང་མེད་པའི་སྒོ་ནས་རིགས་རྒྱུད་ཚང་མ་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པའི་སི་རི་ཡཱའི་མིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号