ཨེ་ཅིབ་དང་ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་མཉམ་དུ་ལྟ་རྟོག་བྱེད་པར་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས19ཉིན་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་མཉམ་དུ་ལྟ་རྟོག་བྱེད་པར་གྲོས་བསྡུར་བྱས།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་གསར་བའི་འཕེལ་ཕྱོགས་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་མཉམ་དུ་ལྟ་རྟོག་བྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཕྱོགས་སོ་སོའི་བར་ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞིར་སྐུལ་འདེད་གཏོང་བ་དང་། འཆར་གཞི་དེར་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་པ། དེ་མིན་ཕྱོགས་གཉིས་ཀྱིས་ཨེ་ཅིབ་ཀྱི་ཁེ་རོ་ནས་བསྡུ་རྒྱུ་ཡིན་པའི་ཅཱ་ཧྲའི་བསྐྱར་འཛུགས་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཐད་ནས་མཐུན་སྦྱོར་བྱེད་པ་སོགས་ལ་གྲོས་བསྡུར་བྱས།
གསལ་སྒྲོག་ལས་བསྟན་དོན། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་བྱས་ནས་ས་ཁུལ་དེའི་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་བབ་ལ་ཚོད་འཛིན་བྱེད་དགོས་པར་འདོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཆབ་སྲིད་ལ་བརྟེན་ཏེ་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་དེ་འཁྲུག་རྩོད་ཀྱི་མཇུག་མཐའི་ཐག་གཅོད་ཇུས་གཞི་ཡིན་པའི་ཆ་ནས། ས་ཁུལ་གྱི་ཡུན་རིང་གཏན་འཇགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注