ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཨུ་རུ་སི་ཡིས་ཨ་མེ་རི་ཁ་དེ་ཝུའུ་ཁི་ལན་དང་འབྲེལ་བའི་གྲོས་མོལ་མཁན་གཙོ་བོར་རློམ་ཡོད་པའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས13ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དེ་ཝུའུ་ཁི་ལན་གྱི་གནས་བབ་དང་འབྲེལ་བའི་གྲོས་མོལ་མཁན་གཙོ་བོར་རློམ་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་འཕྲིན་ལམ་དང་པོའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ཐབས་གང་རུང་ལ་བརྟེན་ནས་གྲོས་མོལ་ལ་ཞུགས་ཁོ་ཐག་ཡིན་ཡང་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་ཕྱོགས་གཉིས་གྲོས་མོལ་བྱེད་རྒྱུ་ཡིན། ཁོས་ནན་གྱིས་བསྟན་དོན། མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའི་ནང་། ཨུ་རུ་སི་དང་ཨ་མེ་རི་ཁས་བྱ་བའི་ཐད་ཀྱི་འབྲེལ་གཏུག་རྒྱ་བསྐྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་གྲོས་མོལ་ལ་རྩ་འཛུགས་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ད་ལྟ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དུས་ནམ་ཕན་ཚུན་འཚམས་འདྲི་བྱེད་པ་གླེང་ན་སྔ་དྲགས་པས། གནས་བབ་ལ་ཇི་ལྟར་འགྱུར་ལྡོག་འབྱུང་བར་ལྟ་དགོས་ཟེར། ཁོས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནི་མ་འོངས་པར་གྲོས་མོལ་བྱེད་སའི་གནས་ཡིན་སྲིད་པར་གླེང་ཡང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅིའི་ལས་དབང་དང་ཡོ་རོབ་གླིང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་ཞུགས་མིན་ལ་གྲོས་བསྡུར་བྱས་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注