ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་6ཉིན། ཡེ་མེན་གྱི་ཧུའུ་སའེ་དྲག་དཔུང་གིས་གསལ་བསྒྲགས་སྤེལ་ནས། སྐོར་སྐྱོད་འཕུར་མདེལ་2དང་མི་མེད་གནམ་གྲུ་4སྤྱད་དེ་རྒྱ་མཚོ་དམར་པོར་གནས་པའི་“ཧ་ལི་··ཏུའུ་ལུའུ་མན་”རྟགས་ཅན་གྱི་གནམ་གྲུའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་མ་ཟད། ཨ་རིའི་དམག་དཔུང་གིས་ཡེ་མེན་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱེད་པའི་འཆར་གཞི་ཕམ་སོང་ཞེས་བཤད་པ་རེད། གཞན་ཡང་། ཧུའུ་སའེ་དྲག་དཔུང་གིས་ད་དུང་མི་མེད་གནམ་གྲུ་སྤྱད་དེ་དབྱི་སི་རལ་གྱི་ཡ་ཧྥ་དང་དེ་བཞིན་ཨ་ཧྲི་ཁའེ་ལུང་གི་དམིགས་ཚད་ལ་འཇབ་རྒོལ་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注