དབྱི་ལིང་ཙུང་ཐུང་བཞུགས་ཤག་གིས་དབྱི་ལིང་གི་ཙུང་ཐུང་དང་ཧྲ་ཐི་རྒྱལ་པོ་གཉིས་ཀྱིས་ཁ་པར་བཏང་སྟེ་མཉམ་ལས་རྒྱ་བསྐྱེད་པའི་འདོད་ཚུལ་གཅིག་མཐུན་བྱུང་ཡོད་ཟེར།

ཚེས10ཉིན། དབྱི་ལིང་ཙུང་ཐུང་བཞུགས་ཤག་གིས། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་ཧྲ་ཐི་ཨ་རབ་ཀྱི་རྒྱལ་པོ་མུའུ་ཧན་མོ་ཏི·པིན·ས་ལི་མན་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཕེ་ཙེ་ཞི་ཆི་དབྱང་གིས་ཁ་པར་གཏོང་སྐབས་བཤར་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་རེ་འདོད་ལྟར་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་དང་རྒྱ་བསྐྱེད་འདོད་ཡོད་ཟེར། མུའུ་ཧན་མོ་ཏི·པིན·ས་ལི་མན་གྱིས་ཕེ་ཙེ་ཞི་ཆི་དབྱང་གིས་ཁ་པར་བཏང་བར་བཀའ་དྲིན་ཞུས་ཤིང་། ཧྲ་ཐི་དང་དབྱི་ལིང་གི་འབྲེལ་བ་ད་ལྟ་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་གནས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ཡོད་ཚད་མཐོར་འདེགས་ཐུབ་ཅིང་ཆུ་ཚད་ཆེས་མཐོན་པོར་སླེབས་ཐུབ་པའི་རེ་བ་བཅངས་ཡོད་ཟེར།

དབྱི་ལིང་དབྱི་ལི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས10ཉིན་གསར་འགྱུར་སྤེལ་ཏེ།  ཧྲ་ཐིའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་དཔོན་ཧྥ་ཡེ་ཚི·ལུའུ་ཝེ་ལིས་དབྱི་ལིང་གི་རྒྱལ་ས་ཏི་ཧའེ་ལན་དུ་འབྱོར་ཡོད་ཅིང་། ལུའུ་ཝེ་ལིས་ཀྱིས་དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་དཔོན་པ་ཀེ་ལིས་དང་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ལྷག་པར་རྒྱལ་སྲུང་ཁྱབ་ཁོངས་ཀྱི་འབྲེལ་བར་གྲོས་སྡུར་བྱས་ཟེར།

2016ལོར་ཧྲ་ཐི་དང་དབྱི་ལིང་གིས་འབྲེལ་ཐག་བཅད་པ་དང་། ཀྲུང་གོས་འདུམ་འགྲིག་བྱས་འོག 2023ལོའི་ཟླ3པར་ཧྲ་ཐི་དང་དབྱི་ལིང་གི་འཐུས་མིས་པེ་ཅིང་དུ་གྲོས་སྡུར་བྱས་ཏེ། ཀྲུང་གོ་དང་ཧྲ་ཐི། དབྱི་ལིང་བཅས་ཕྱོགས་གསུམ་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་མིང་རྟགས་བཀོད་པར་མ་ཟད་། ཧྲ་ཐི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་རྒྱུར་འཐད་པ་ཡིན་ཞེས་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ4ཚེས6ཉིན། ཧྲ་ཐི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྟེང་མིང་བཀོད་དེ། ཉིན་དེ་ནས་བཟུང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号