ཕུའུ་ཅིང་གིས་ཨུ་རུ་སི་དང་ཁྲའོ་ཞན་གྱི《ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག》ལ་མཆོག་མཆན་བཀོད།

ཚེས9ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་བཅའ་ཁྲིམས་ཀྱི་ཡིག་ཆར་མིང་བཀོད་ནས། ཨུ་རུ་སི་ཕྱོགས་ཀྱིས་སྔ་མོ་ནས་ཁྲའོ་ཞན་བར་དུ་བཀོད་པའི《ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག》ལ་ཆོག་མཆན་བཀོད་པ་རེད།

ད་ལོའི་ཟླ6པའི་ཚེས19ཉིན། ཕུའུ་ཅིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཅིན་ཀྲེང་ཨེན་དང་མཉམ་དུ་ཕེན་རང་དུ《ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག》བཞག་པ་རེད། ཟླ10པའི་ཚེས24ཉིན། ཨུ་རུ་སིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མ་ཆིངས་ཡིག་དེར་གྲོས་འཆམ་བྱུང་བ་དང་།ཨུ་རུ་སུའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སྟེ་གྲོས་ཚོགས་ཀྱི་གྲོས་ཁང་གོང་མས་ཟླ11པའི་ཚེས6ཉིན་ཆིངས་ཡིག་དེར་ཆོག་མཆན་སྤྲད་པ་རེད།

ཆིངས་ཡིག་ནང་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་དེའི་ཁྲིམས་འཛུགས་དང་རྒྱལ་སྤྱིའི་འོས་འགན་ལ་རྐང་བཙུགས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ལ་ཕན་ཚུན་བརྩི་འཇོག་བྱས་ནས་གནོད་འཚེ་གཏོང་མི་རུང་བ་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་སོགས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་བྱ་འགུལ་ལམ་སྲོལ་འཛུགས་པ་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་བའི་གྲོས་ཐག་བཅད་ནས། དམག་འཁྲུག་མི་འབྱུང་བར་བྱས་ཏེ་ས་ཁོངས་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

《ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག》དེས་ཆོག་མཆན་ཡི་གེ་བརྗེ་རེས་བྱས་པའི་ཉིན་ནས་བཟུང་ནུས་པ་ཐོན་གྱི་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号