འཛམ་གླིང་གི་རྡོ་ཆས་གསར་མའི་དུས་རབས་ཀྱི་ཚོགས་ཆེན་ཐོག་མ་ཐུར་ཁེ་རུ་བསྡུས།
ཚེས4ཉིན། འཛམ་གླིང་རྡོ་ཆས་གསར་མའི་དུས་རབས་ཀྱི་ཚོགས་ཆེན་ཐོག་མ་ཐུར་ཁེའི་ཤར་ལྷོའི་རྒྱུད་ཀྱི་གྲོང་ཁྱེར་ཧྲང་ལི་ཝུའུ་ཨར་ཧྥ་རུ་འཚོགས་མགོ་བརྩམས། རྒྱལ་ཁབ64ནས་ཡོང་བའི་མཁས་པ་ཆིག་སྟོང་ཙམ་ཚོགས་འདུར་ཞུགས་ནས་རྡོ་ཆས་གསར་མའི་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་རེད།
ཐེངས་འདིའི་ཚོགས་ཆེན་དེ་ནི་ཐུར་ཁེའི་རིག་གནས་དང་ཡུལ་སྐོར་པུའུ་དང་། དབྱི་སི་ཐན་པོར་སློབ་ཆེན། ཧ་ལན་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པ་དང་ཚོགས་ཡུན་ཚེས8ཉིན་བར་རེད། ཚོགས་འདུའི་སྟེང་གཞིས་ཆགས་འཚོ་བ་སྐྱེལ་སྟངས་དང་། རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན། སྤྱི་ཚོགས་ཀྱི་རིམ་པ། ཤེས་རྟོགས་བྱེད་སྟངས། མཚོན་རྟགས་དང་ཐོབ་ཐང་སོགས་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པ་དང་། ནང་དོན་ལ་ཨར་སྐྲུན་དང་དད་མོས། ལག་རྩལ། སྐད་རིགས། གསར་གཏོད་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད། དེ་དང་ཆབས་ཅིག་ཚོགས་ཆེན་སྟེང་ད་དུང་འགྱེད་འཕྲོའི་རང་བཞིན་གྱི་ཐཱན་འཇལ་ཐབས་སོགས་ཚན་རིག་དང་མཐུན་པའི་བྱེད་ཐབས་གནའ་རྫས་རྟོག་ཞིབ་རིག་པའི་ནང་སྤྱོད་རྒྱུར་དཔྱད་བསྡུར་བྱ་རྒྱུ་རེད།
དབྱི་སི་ཐན་པོ་འར་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་ནེ་ཅི་མུས·ཁ་ལུའུ་འར་གྱིས་བསྟན་དོན། ཐེངས་འདིར་ཚོགས་ཆེན་བསྡུས་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་རྡོ་ཆས་གསར་མའི་དུས་རབས་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་བསྡུ་རུབ་བྱས་ནས། ས་ཁུལ་དང་དུས་སྐབས་མི་འདྲ་བའི་རྡོ་ཆས་གསར་མའི་ཤེས་དཔལ་ལ་ཞིབ་དཔྱད་གཏིང་ཟབ་བྱེད་པ་དང་། གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱ་རྒྱུ་དེ་ཡིན་ཟེར།
ཀྲུང་གོའི་མཁས་པ20ལྷག་ཙམ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུའུ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་ལིས་ཞའོ་ཀྲིག་གིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་གྱིས་གོ་ལ་ཧྲིལ་པོའི་གནའ་རྫས་རྟོག་ཞིབ་རིག་པའི་ལས་རིགས་ལ་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་ཡོད་པས་ཀྲུང་གོ་དང་ཐུར་ཁེའི་གནའ་རྫས་རྟོག་ཞིབ་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་ཟེར།
ཧྲང་ལི་ཝུའུ་འར་ཧྥ་ལ་ལོ་རྒྱུས་ཀྱི་གནའ་ཤུལ་གལ་ཆེན་མང་པོ་ཡོད། ཚོགས་ཆེན་གྱི་སྐབས་སུ་ཚོགས་ཞུགས་མཁས་པ་ཚོས་ད་དུང་ས་གནས་དེའི་ཀོ་པེ་ཁི་ལིའི་རྡོ་ཧྲུག་དང་ཁ་ལ་ཧན་རྡོ་ཧྲུག་སོགས་རྡོ་ཆས་གསར་མའི་དུས་རབས་ཀྱི་རྗེས་ཤུལ་ལ་ལྟ་སྐོར་བྱ་རྒྱུ་རེད། དེའི་ནང་ཀེ་པེ་ཁི་ལིའི་རྡོ་ཧྲུག་དེར་ད་བར་དུ་ལོ་ངོ་ཁྲི1.2ཙམ་གྱི་ལོ་རྒྱུས་ཡོད་པ་རེད། དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་རྡོ་ཆས་གསར་མའི་དུས་རབས་ཀྱི་རྗེས་ཤུལ་གྲས་ཤིག་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注