ཨུ་རུ་སུའི་གནམ་གྲུ་ཞིག་ལྷུངས་འདུག

ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས9ཉིན། ཨུ་རུ་སུའི་ཛ་དྲག་གནས་ཚུལ་པུས་ཡོངས་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཨན-2རྟགས་ཅན་གྱི་གནམ་གྲུ་ཞིག་མོ་སི་ཁོ་མངའ་སྡེ་ལུའུ་ཀྲ་གྲོང་ཁྱེར་ཉེ་འདབས་སུ་ལྷུངས་པ་རེད། དོན་རྐྱེན་བྱུང་བའི་སྐབས་སུ་གནམ་གྲུའི་ནང་མི་གཉིས་ཡོད། ཐོག་མའི་ཚོད་དཔག་ལ་གཞིགས་ན་གཉིས་ཀ་རྐྱེན་ལམ་དུ་ཤོར་བ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན། ལས་འཛོལ་ཐོན་པའི་གནམ་གྲུ་ནི་ས་གནས་དེ་གའི་མཁའ་འགྲུལ་སྤྲོ་སྐྱིད་ཁང་ཞིག་གི་རྩལ་ཁྲིད་གནམ་གྲུ་རེད། གནམ་གྲུའི་ནང་གི་མི་གཉིས་ནི་འཕུར་སྐྱོད་པ་ཡིན། གནམ་གྲུ་ལྷུངས་རྗེས་མེ་སྐྱོན་ཐོན་མེད་པ་དང་ས་ངོས་ལ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་མེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号