“ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ས་གནས་སུ་སྐྱོད་པའི”བྱེད་སྒོ་ཧོ་པེ་རུ་སྤེལ་བ།

ཉེ་ཆར་ཕྱི་འབྲེལ་པུས་གཙོ་གཉེར་བྱས་པ་དང“ལྗང་མདོག་ཧོ་པེ། ཡུལ་ལྗོངས་ལྟ་ན་སྡུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ས་གནས་སུ་སྐྱོད་པའི”བྱེད་སྒོ་ཧོ་པེ་རུ་སྤེལ་བ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས23ནས་ཡོང་བའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། ཕྱི་འབྲེལ་དཔོན། འཐུས་མི་བཅས30ལྷག་ཙམ་གྱིས་ཀྲང་ཅ་ཁོའུ་གྲོང་ཁྱེར་དང་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཧོ་དབྱིང་གཞི་གྲངས(ཧོའེ་ལའེ)ཚན་རྩལ་ཐོན་ལས་གླིང་དང་། ཀྲང་ཅ་ཁོའུ་མིང་དབྱང་རིག་ལྡན་ནུས་རྒྱུ་ཚད་ཡོད་ཀུང་སི། ཧྲི་ཅ་ཀྲོང་ཅིན་ཨའོ་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་འཚམས་འདྲི་བྱས་ནས་ཧོ་པེའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་ཀྱིས་ས་གནས་དེ་གའི་ནུས་རྒྱུ་གསར་པའི་ཐོན་ལས་ལ་ཐོབ་པའི་གསར་གཏོད་གྲུབ་འབྲས་མྱོང་རོལ་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号