ཚེས2ཉིན། ཀྲི་ལིའི་རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་འཕྲལ་བསྟུན་ལྟེ་གནས་ཀྱིས་སྤྱི་བསྒྲགས་སྤེལ་ནས། ཉེ་ལམ་རྒྱལ་ཁབ་དེའི་དབུས་རྒྱུད་དང་ལྷོ་རྒྱུད་དུ་དྲག་ཆར་བབས་པ་དང་རླུང་ཆེན་གཡུགས་པ་སོགས་ཐལ་དྲགས་པའི་གནམ་གཤིས་ཀྱི་དབང་གིས་མི3རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་ཕོག    གཞན་ཡང་མི2གར་སོང་མི་ཤེས་པ་དང་ཁྱིམ་ཚང་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་གློག་ཆད་འདུག་ཟེར།

སྤྱི་བསྒྲགས་ལས་ཐེངས་འདིའི་གནམ་གཤིས་ཐལ་དྲགས་པས་ཀྲི་ལིའི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་ཆེན་པོ10ལྷག་ལ་ཤུགས་རྐྱེན་ཐེབས་ནས་ཁང་པ3000ལྷག་ལ་གནོད་སྐྱོན་ཐེབས་ཡོད་ཅེས་འཁོད་ཡོད། ཚེས1ཉིན་གྱི་དགོང་མོ། རྒྱལ་ས་ཧྲེང་ཏི་ཡ་ཀོ་གནམ་གྲུ་ཐང་གི་གནམ་གྲུ་མང་པོ་འཕུར་མཚམས་བཞག་པ་དང་། ད་ལྟ་རིམ་བཞིན་འཁོར་སྐྱོད་སླར་གསོ་བྱེད་བཞིན་ཡོད་ཟེར།

ཚེས2ཉིན།  ཀྲི་ལིའི་ནང་སྲིད་པུའུ་ཀྲང་ཐའོ་ཨ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཧྲེང་ཏི་ཡ་ཀོའི་རྒྱལ་སའི་ཁུལ་ཆེན་པོར་ཐོ་འགོད་བྱས་པའི་རླུང་འགྲོས་མཐོ་ཤོས་ནི་དུས་ཚོད་རེར་སྤྱི་ལེ120ཡིན་པ་དང་། ཤིང་སྡོང་འབོར་ཆེན་འགྱེལ་ཞིང་ལམ་དུམ་སྐོར་ཞིག་ཆུས་བསྣུབས་ཡོད།  ཧྲེང་ཏི་ཡ་ཀོའི་རྒྱལ་སའི་ཁུལ་ཆེན་པོའི་སློབ་གྲྭ་ཚང་མས་ཕྱོགས་ཡོངས་ནས་སློབ་མཚམས་བཞག་ཡོད་ཟེར།

ཚེས2ཉིན། ཀྲི་ལིའི་ནུས་ཁུངས་པུའུ་ཀྲང་ཕར་ཏའོ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གཞན་ཞིག་གི་སྟེང་དུ།  ཀྲི་ལིའི་ས་ཆ་མང་པོ་རུ་གློག་ཆད་པ་དང་འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་གློག་སླར་གསོ་བྱེད་བཞིན་ཡོད་ཟེར།

གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཀྲི་ལིར་ཉེ་བའི་ལོ་ཤས་རིང་ཐལ་དྲགས་པའི་གནམ་གཤིས་ཐེངས་མང་བྱུང་པ་དང་། ད་ལོ་ཁོ་ནར་ཆར་བ་དྲག་པོ་བབས་པ་དང་གྲང་འཁྱགས་སོགས་ཀྱི་གནམ་གཤིས་ཐེངས་མང་བྱུང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号