རྒྱ་གར་དུ་རི་ཉིལ་ནས་མི161རྐྱེན་ལམ་དུ་ཤོར་བ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས31ཉིན་ཤེས་རྟོགས་བྱས་པར་གཞིགས་ན། རྒྱ་གར་ཁ་ལ་ལ་མངའ་སྡེའི་ཝ་ཡ་ན་ཏེ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་རི་ཉིལ་ནས་མི161རྐྱེན་ལམ་དུ་ཤོར་བ་དང་། མི200ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བ། མི190ལས་བརྒལ་བ་སྨན་ཁང་དུ་བསྡད་ཡོད།
ཚེས30ཉིན་གྱི་ཐོ་རེངས་སུ། རྒྱ་གར་ཁ་ལ་ལ་མངའ་སྡེའི་ཝ་ཡ་ན་ཏེ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་རི་ཉིལ་ཞིང་། དོན་རྐྱེན་ཐོན་ཡུལ་ནི་ལུང་ཁུག་རི་ཁུལ་དུ་གཏོགས་པ་དང་། སྲིད་གཞུང་གིས་ཐད་འཕུར་གནམ་གྲུ་དང་དམག་མི་བཏང་ནས་རོགས་སྐྱོབ་ནང་ཞུགས་སུ་བཅུག་ཡོད། རོགས་སྐྱོབ་ནང་ཞུགས་མཁན་དམག་ཕྱོགས་ཀྱི་མི་སྣས་ཉིན་དེའི་དགོང་མོའི་རོགས་སྐྱོབ་བྱ་སྤྱོད་མཚན་གང་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་ཆུ་ཚོད24ཡི་ནང་སྔར་བཞིན་གཞི་ཁྱོན་ཆེ་བའི་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པས། རོགས་སྐྱོབ་ལས་དོན་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་རྒྱུ་ཡིན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注